
འཇར་པན་གྱི་ནོར་སྲིད་བློན་ཆེན་ཕེན་ཧྲན་ཀའོ་ཡུའེ་ཡིས་ཚེས3ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། འཇར་པན་གྱིས་ཟླ7པའི་ཚེས31ཉིན་ཨ་རི་དང་མཉམ་འབྲེལ་གྱིས་ཕྱི་རྒྱལ་དངུལ་བརྗེས་ཚོང་རར་ཐེ་གཏོགས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཉེ་དུས་ཀྱི་འཇར་པན་གྱི་དངུལ་བརྗེས་འཛའ་ཐང་འཕར་ཆག་ཆེན་པོ་བྱུང་བ་དང་ཟང་ཟིང་གི་འཕེལ་ཕྱོགས་ལ་ཁ་གཏད་གཅོག་ཆེད་ཡིན་ལ། གལ་ཏེ་དགོས་མཁོ་བྱུང་ན། ཐེ་གཏོགས་བྱེད་ཐབས་གསབ་སྣོན་བྱ་རྒྱུ་ཡིན། ཨ་རིའི་ཕྱོགས་ནས་ཀྱང་གནས་ཚུལ་འདིར་བདེན་དཔང་བྱས། ཚེས3ཉིན། འཇར་པན་གྱི་དངུལ་བརྗེས་འཛའ་ཐང་སྐབས་ཤིག་གི་རིང་ཨ་སྒོར1འཇར་སྒོར155དང་ཉེ། འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ནི2011ལོའི་འཇར་པན་གྱི་ས་ཡོམ་ཆེན་པོ་བྱུང་རྗེས་ཀྱི་འཇར་པན་དང་ཨ་རིས་ལོ15འགོར་རྗེས་སླར་ཡང་མཉམ་འབྲེལ་གྱིས་ཕྱི་རྒྱལ་དངུལ་བརྗེས་ཚོང་རར་ཐེ་གཏོགས་བྱས་པ་རེད། ད་ལོའི་ཚུན་དུ། འཇར་པན་གྱི་དངུལ་བརྗེས་འཛའ་ཐང་མུ་མཐུད་དུ་ཆག ཟླ7པའི་ཟླ་སྨད་དུ་འཇར་སྒོར་གྱི་ཨ་སྒོར་དངུལ་བརྗེས་འཛའ་ཐང་སྐབས་ཤིག་གི་རིང་ཨ་སྒོར1འཇར་སྒོར164དང་ཉེ་བ་རེད།