ཨ་རིའི་སྨྱན་སྦྱོར་གྱིས་གནས་སྤོ་ཡུལ་མི་ཁྲིམས་བསྟར་ལས་ཁུངས་ཀྱིས་ཟླ་བ་གཅིག་ལ་འཛིན་བཟུང་བྱས་པའི་མི་གྲངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་བསྟན།
ཁུངས། ཀློག་གྲངས།

ཨ་རིའི་སྨྱན་སྦྱོར་གྱིས་ཚེས་གཉིས་ཉིན་སྤེལ་བའི་གསར་འགྱུར་ལྟར་ན།  ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་ཐོག་མའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར།  ཟླ་བདུན་པར་མི་བཞི་ཁྲི་དྲུག་སྟོང་ལས་བརྒལ་བ་ལྷག་གནས་སྤོ་ཡུལ་མིའི་ཁྲིམས་སྲོལ་ལ་འགལ་བའི་རྐྱེན་གྱིས་ཨ་རིའི་གནས་སྤོ་ཡུལ་མི་དང་འགག་སྒོ་ཁྲིམས་བསྟར་ཅུས་ཀྱིས་འཛིན་བཟུང་བྱས་ཤིང་།  འདི་ནི་སྐབས་འདིའི་ཨ་རིའི་སྲིད་གཞུང་གི་གཞི་གྲངས་འདིའི་རིགས་ཀྱི་ཟླ་གཅིག་གི་མཐོ་ཚད་གསར་པ་ཡིན། གསར་འགྱུར་ལས་བསྟན་དོན།  ཟླ་བདུན་པར་ཨ་རིའི་གནས་སྤོ་ཡུལ་མིའི་ཁྲིམས་བསྟར་ལས་ཁུངས་ཀྱིས་གླེང་ཕྱོགས་ཀྱིས་དོ་ཁུར་མི་བྱེད་པའི་གནས་ཚུལ་འོག  ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་།  གསར་འགྱུར་ལས་བསྟན་དོན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གནས་སྤོ་ཡུལ་མིའི་ཁྲིམས་བསྟར་ལས་ཁུངས་ལ་ཉིན་རེར་མི་ཉིས་སྟོང་འཛིན་བཟུང་བྱ་རྒྱུའི་བླང་བྱ་བཏོན་ཞིང་།  ཨ་རིའི་གཞུང་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་ལན་བཏབ་མེད།