དམངས་སེམས་བརྟག་དཔྱད་བྱས་པ་ལྟར་ན་ཐི་ལང་ཕུའུ་ལ་རྒྱབ་སྐྱོར་བྱེད་ཚད35%རུ་ལྷུང་འདུག
ཁུངས། ཀློག་གྲངས།

ལུའུ་ཐི་གསར་འགྱུར་ཁང་དང་དབྱི་སོ་སྡེ་ཚོགས་ཀྱིས་ཚེས3ཉིན་བསྒྲགས་པའི་དམངས་སེམས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ལ་རྒྱབ་སྐྱོར་བྱེད་ཚད35%རུ་ལྷུང་འདུག

དམངས་སེམས་བརྟག་དཔྱད་བྱས་པ་འདི་གཞིར་བཟུང་ནས། ཐི་ལང་ཕུའུ་ལ་རྒྱབ་སྐྱོར་བྱེད་ཚད་ཟླ་སྔོན་མའི37%ནས35%ལ་ལྷུང་བ་རེད། ཁོའི་འགན་ཁུར་ཡུན་ནང་གི་རྒྱབ་སྐྱོར་བྱེད་ཚད་ཆེས་དམའ་བའི་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས1ཙམ་གྱིས་མཐོ་བ་རེད།

ཐེངས་འདིའི་དམངས་སེམས་བརྟག་དཔྱད་བྱེད་པའི་ཁྲོད་ཞུགས་པའི་འདེམས་དམངས་ཁྲོད། མི37%ཙམ་གྱིས་བལྟས་ན། དམངས་གཙོ་ཏང་ལ་དཔལ་འབྱོར་བཅོས་སྐྱོང་ཐད་དུ་དགེ་མཚན་ཆེན་པོ་ལྡན་པ་དང་། སྤྱི་མཐུན་ཏང་འདེམས་པའི་བསྡུར་ཚད་ནི36%རེད། འདི་ནི་ཉེ་བའི་ལོ10ཚུན་ལ་དམངས་གཙོ་ཏང་དེ་གཞི་གྲངས་འདིའི་སྟེང་ནས་ཐོག་དང་པོར་སྤྱི་མཐུན་ཏང་ལས་བརྒལ་བ་རེད།

དེ་ལས་གཞན། དམངས་སེམས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། གལ་ཏེ་ད་ལྟ་རྒྱལ་ཚོགས་འདེམས་བསྐོ་བྱས་ན། ཐོ་འགོད་འདེམས་དམངས42%ཀྱིས་དམངས་གཙོ་ཏང་ལ་འདེམས་ཤོག་འཕེན་སྲིད་པ་དང་། ཐོ་འགོད་འདེམས་དམངས37%ཀྱིས་སྤྱི་མཐུན་ཏང་ལ་འདེམས་ཤོག་འཕེན་སྲིད་པ་རེད། ལུའུ་ཐི་གསར་འགྱུར་ཁང་གིས་འགྲེལ་ཀློག་བྱས་ནས་བསྟན་དོན། ཐེངས་འདིའི་དམངས་སེམས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཐབ་དོན་རྐྱེན་གྱིས་ནུས་ཁུངས་རིན་གོང་འཕར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་དེས། སྤྱི་མཐུན་ཏང་གི་ཟླ11པའི་ཨ་རིའི་དུས་འབྲིང་འདེམས་བསྐོའི་ཁྲོད་ཀྱི་མདུན་ལྗོངས་ལ་ཤུགས་རྐྱེན་ཐེབས་ངེས་ཆེ་ཟེར།

ཐེངས་འདིའི་བརྟག་དཔྱད་ནི་ཟླ7པའི་ཚེས29ཉིན་ནས་ཟླ8པའི་ཚེས3ཉིན་བར་ཨ་རི་ཡོངས་སུ་དྲ་ལམ་རྣམ་པ་བརྒྱུད་དེ་སྤེལ་བ་ཡིན་ཞིང་། ཨ་རིའི་དར་མ4505ཡི་བསམ་འཆར་བསྡུ་ལེན་བྱས་ཡོད།