
ཝེ་ནེ་ཙུའེ་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་འར་ཧི.ལོ་ཏི་ལེ་ཀི་སི་ཡིས་ཚེས3ཉིན་བཤད་རྒྱུར། ཟླ6པའི་ཚེས24ཉིན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས6125ལ་སླེབས།
ལོ་ཏི་ལེ་ཀི་སི་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བསྒྲགས་པའི་ཆ་འཕྲིན་གསར་བ་ལྟར་ན། མི6462བསྐྱབས་པ་དང་། མི6ཁྲི་ཡན་གྱིས་སྨན་ཁང་དུ་སྨན་བཅོས་དང་ལེན་བྱས། ཝེ་ནེ་ཙུའེ་ལ་གཞུང་ཕྱོགས་ཀྱིས་ཁང་བ་བཞི་ཁྲི་སུམ་སྟོང་ལ་དཔྱད་འཇོག་བྱས་ཤིང་། དེའི་ཁྲོད། ཁང་བ་ཆིག་ཁྲི་ཙམ་དུ་བསྡད་མི་ཆོག་པའི་ཚོད་འཛིན་བྱས་ཤིང་། ཁང་བ6000ལྷག་ཧ་ཅང་ཉེན་ཁ་ཆེ་བའི་གནས་སུ་ཚུད། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ས་ཡོམ་གནོད་ཁུལ་དུ་གཙང་སེལ་བྱས་པའི་སོ་ཕག་ཆག་གྲུམ་ཏུན་སུམ་འབུམ་བཞི་ཁྲི་ལས་བརྒལ་ཡོད།
ཟླ6པའི་ཚེས24ཉིན་གྱི་དགོང་མོར། ཝེ་ནེ་ཙུའེ་ལ་རུ་ལོ་བརྒྱ་ལྷག་ཚུན་གྱི་ས་ཡོམ་དྲག་པོ་དེ་བྱུང་བ་དང་། སྐར་མ་གཅིག་གི་རིང་ཚད་རིམ7ཡན་གྱི་ས་ཡོམ་དྲག་པོ་ཐེངས་གཉིས་བྱུང་བ་རེད།