ཨ་རིའི་མངའ་སྡེ་མང་པོས་མཉམ་འབྲེལ་སྒོས་ཨ་རིའི་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་གསར་པ་གཏུག་བཤེར་བྱས།
ཁུངས། ཀློག་གྲངས།

ཚེས་གསུམ་ཉིན། ཨ་རིའི་ཉིག་ཡོག་མངའ་སྡེ་དང་ཁ་ལི་ཧྥུ་ཉི་ཡ་མངའ་སྡེ། ཨི་ལི་ཀང་མངའ་སྡེ་སོགས་དམངས་གཙོ་ཏང་གིས་གཙོ་འགན་འཁུར་བའི་མངའ་སྡེ25ཡིས་ཨ་རིའི་རྒྱལ་སྤྱིའི་ཉོ་ཚོང་ཁྲིམས་ཁང་ལ་མཉམ་འབྲེལ་སྒོས་གཏུག་བཤེར་བྱས་ཏེ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉེ་སྔོན་རྒྱལ་ཁབ་དང་ས་ཁུལ60ལ་བསྡུས་པའི་སྒོ་ཁྲལ་ཁྲིམས་འགལ་ཡིན་པ་མ་ཟད། མེད་པར་བཟོ་རྒྱུའི་ཁྲུན་ཐག་གཅོད་དགོས་པའི་རེ་བ་བཏོན། ཉེ་སྔོན། ཨ་རིའི་ཁེ་ལས་མང་པོ་ཞིག་གིས་སྒོ་ཁྲལ་བྱེད་ཐབས་དེར་གཏུག་བཤེར་བྱས།

ཨ་རིའི་ཉོ་ཚོང་འཐུས་ཚབ་གཞུང་སྒྲུབ་ཁང་གིས་ཟླ7པའི་ཚེས23ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན། “བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ”ཞེས་པའི་མིང་ཐོག་ནས་རྒྱལ་ཁབ་དང་ས་ཁུལ60ལ་སྒོ་ཁྲལ་བརྒྱ་ཆའི10ནས་བརྒྱ་ཆའི12.5བསྡུས་པ་དང་། སྒོ་ཁྲལ་གསར་པ་དེ་ཟླ7པའི་ཚེས24ཉིན་ནས་ལག་བསྟར་བྱས།