
ཐུར་ཁེའི་སྨྱན་སྦྱོར་གྱིས་ཚེས3ཉིན་སྤེལ་བའི་གསར་འགྱུར་ལྟར་ན། སྔོ་ཚལ་དང་སིལ་ཏོག་བཅུག་ཡོད་པའི་ཐུར་ཁེའི་ཟོང་འདྲེན་གྲུ་གཟིངས་ཤིག་ཐུར་ཁེའི་ས་མུའུ་སུང་གྲུ་ཁ་ནས་ལམ་ལ་ཆས་ཏེ་ཨུ་རུ་སུའི་ཞིན་ལུའོ་ཞི་སི་ཁི་གྲུ་ཁར་སྐྱོད་པའི་ལམ་བར་དུ། ཧེ་ཧའེ་རྒྱ་མཚོའི་མཚོ་ཁུངས་སུ་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་ཤིང་གྲུ་བ་བཞི་ལ་རྨས་ཕོག མིག་སྔར་གྲུ་གཟིངས་སྟེང་གི་གྲུ་པ་ཚང་མ་ཨུ་རུ་སུའི་མཚོ་དམག་གིས་ཞིན་ལུའོ་ཞི་སི་ཁི་གྲུ་ཁར་ཁྲིད། གསར་འགྱུར་ནང་ཟོང་འདྲེན་གྲུ་གཟིངས་ཀྱི་གྲུ་དཔོན་གྱིས་སྐད་ཆ་དྲངས་ནས་བཤད་རྒྱུར། ཟོང་འདྲེན་གྲུ་གཟིངས་ལ་འཇབ་རྒོལ་བྱེད་མཁན་ནི་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་རེད་ཟེར། ཝུའུ་ཁི་ལན་གྱིས་གནས་སྐབས་སུ་དེར་ལན་བཏབ་མེད།
ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞི་ཉིན་དོན་རྐྱེན་དེར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་བསྟན་ཞིང་། འབྲེལ་ཡོད་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཧེ་ཧའེ་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས།