
ཚེས4ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཨུ་རུ་སུའི་ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་གྲུ་རུ་ཁག་གིས་ཚེས་བཞི་ཉིན་ནས་བཟུང་ཨུ་ཧོ་ཚི་ཁི་རྒྱ་མཚོ་དང་འཇར་པན་རྒྱ་མཚོ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་ནུབ་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་དམག་དོན་འཁྲབ་སྦྱོང་བྱས་པ་དང་། དམག་གྲུ60ལ་ཉེ་བ་དང་དམག་མི་ཁྲི་གཅིག་དང་སུམ་སྟོང་ལས་བརྒལ་བ་འཁྲབ་སྦྱོང་ཁྲོད་ཞུགས། འཁྲབ་སྦྱོང་གི་ནང་དོན་ལ་གོ་མཚོན་སྒྲིག་ཆས་སྣ་ཚོགས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་། དེ་བཞིན་དམག་དཔུང་གི་བཀོད་འདོམས་དང་དམག་འཐབ་ནུས་པའི་ཞིབ་བཤེར་སོགས་འདུ་བ་རེད།