ཁ་ཐར་ཨེ་མུས་ཨར་དང་ཐི་ལང་ཕུའུ་ཡིས་ཨ་རི་དང་དབྱི་ལང་གི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཐཱ་མུས་མུའུ་ཡིས་ཚེས4ཉིན་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ལ་ཁ་པར་བཏང་ནས་ཨ་རི་དང་དབྱི་ལང་གི་གནས་བབ་ཐད་ཁ་པར་གྲོས་མོལ་བྱས་ཏེ། མུ་མཐུད་དུ་གྲོས་མོལ་རྒྱུན་འཁྱོངས་དང་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁ་ཐར་ཨེ་མུས་ཨར་ཕོ་བྲང་གིས་ཚེས4ཉིན་གསལ་བསྒྲགས་སྤེལ་ནས་ཐཱ་མུས་མུའུ་དང་ཐི་ལང་ཕུའུ་ཡིས་ས་ཁུལ་གནས་བབ་ཀྱི་འཕེལ་རྒྱས་གསར་པར་གྲོས་བསྡུར་བྱས་པ་དང་། ལྷག་པར་དུ་ཨ་རི་དང་དབྱི་ལང་གི་ཛ་དྲག་གི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འགལ་བ་ཐག་གཅོད་པར་དམིགས་ཏེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་པར་ཕན་པའི་ཆ་རྐྱེན་བསྐྲུན་པར་འབད་བརྩོན་བྱེད་པའི་ཐད་གྲོས་བསྡུར་བྱས་ཟེར།

ཐཱ་མུས་མུའུ་ཡིས་ད་རུང་ཕྱོགས་སོ་སོས་ཨ་རི་དང་དབྱི་ལང་བར་བཀོད་པའི་བཟོད་སྒོམ་བརྗེད་ཐོའི་ཐུན་མོང་ངོས་འཛིན་བརྩི་སྲུང་བྱེད་པ་དང་།   ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་རྒྱལ་སྤྱིའི་གྲོས་འགོར་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་སྤེལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།