ཝུའུ་ཁི་ལན་གྱིས་འདས་པའི་ཉིན་བཞི་བཅུའི་རིང་ཨུ་རུ་སུའི་འཐབ་ཇུས་དམིགས་འབེན་བརྒྱ་ལྷག་ལ་རྡུང་རྡེག་བཏང་བ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཚེས4ཉིན་གཞུང་ཕྱོགས་དྲ་བའི་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། འདས་པའི་ཉིན་བཞི་བཅུའི་རིང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སུའི་འཐབ་ཇུས་དམིགས་འབེན100ལྷག་ལ་རྡུང་རྡེག་བཏང་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་རྡུང་རྡེག་བཏང་བའི་དམིགས་འབེན་ནང་ཨུ་རུ་སུའི་དམག་དཔུང་གི་བཟོ་ལས་ཁེ་ལས་དང་མཁའ་དམག་རྟེན་གཞི། མཁའ་ཟོན་མ་ལག  བཀོད་འདོམས་ཁང་། སྣུམ་སྦྱངས་བཟོ་གྲྭ། དམག་དོན་རྒྱབ་ཕྱོགས་རམ་འདེགས་སྒྲིག་བཀོད་སོགས་ཡོད་པ་དང་།   ཨུ་རུ་སུའི་དམག་དོན་སྒྲིག་ཆས་དང་དམག་དོན་རྨང་གཞིའི་སྒྲིག་བཀོད་མང་པོར་གཏོར་བརླག་བཏང་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།