
ཧྥ་རན་སེའི་སྨྱན་སྦྱོར་གྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སེའི་ཤར་ལྷོ་རྒྱུད་ཀྱི་ཏི་ལུང་ཞིང་ཆེན་ཝ་ལང་སི་གྲོང་ཁྱེར་དུ་ཚེས4ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི6ལ་རྨས་ཕོག
གསར་འགོད་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་ནི་ས་དེའི་ཚེས4ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུ་ཡས་མས་སྟེང་བྱུང་ཞིང་། ངོ་གདོང་བཀབ་པའི་སྐྱེས་པ་ཞིག་གིས་རླངས་འཁོར་ནང་ནས་འཕྲལ་རྒོལ་མེ་མདའ་བླངས་ཏེ་མི་ཚོགས་ལ་མེ་མདས་བརྒྱབ་རྗེས་རླངས་འཁོར་ལ་བསྡད་དེ་ཡུལ་དངོས་ནས་བྲོས་བྱོལ་བྱས། མེ་མདས་མི6ལ་རྨས་ཕོག་པ་དང་། མི2ལ་རྨས་ལྗི་མོ་ཕོག་ཡོད། རྨས་མའི་ལོ་ཚོད15ནས22བར་ཡིན་ལ། སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་ཟིན།
གསར་འགོད་ལས་ད་རུང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་གྱོན་དོན་བྱུང་བའི་ཡུལ་དངོས་དང་བར་ཐག་སྤྱི་ལེ་འགའ་ཡི་མཚམས་སུ་མེར་བསྲེགས་པའི་རླངས་འཁོར་ཞིག་རྙེད་ལ། རླངས་འཁོར་འདི་གྱོད་དོན་ལ་འབྲེལ་བ་ཡོད་པ་འདྲ་ཟེར།
མིག་སྔར། མེ་མདས་དོན་རྐྱེན་བཟོ་བའི་དོགས་ཡོད་ཉེས་ཅན་བྲོས་བྱོལ་བྱེད་ཀྱིན་ཡོད་ལ། དེའི་ཐོབ་ཐང་དང་དོན་རྐྱེན་བཟོ་དོན་ད་རུང་གསལ་བོ་མི་ཤེས་པས། ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་འདིའི་ཐད་བརྟག་དཔྱད་བྱེད་ཀྱིན་ཡོད།