
རྒྱ་གར་སྨྱན་སྦྱོར་གྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། དུས་རླུང་ཆར་བ་བབས་པའི་ཤུགས་རྐྱེན་ཐེབས་ཏེ། རྒྱ་གར་བྱང་ཤར་རྒྱུད་ཀྱི་ཆ་འར་ཁིན་ཏི་པང་ལ་ཚེས4ཉིན་ཐོག་གིས་བརྒྱབ་པའི་དོན་རྐྱེན་མང་དུ་བྱུང་སྟེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་ཞིང་། མི་མང་པོར་རྨས་ཕོག་པ་རེད།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། པང་འདིའི་ཅི་ལེ་ཏེ་ས་ཁུལ་དུ་ཐོག་གིས་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཧ་ཅང་མང་། རྐྱེན་ལམ་དུ་ཤོར་མཁན་མང་ཤོས་ནི་ཕྱི་རོལ་དུ་ངལ་རྩོལ་བྱེད་ཀྱིན་པའི་ཞིང་བ་རེད།
རྒྱ་གར་གནམ་གཤིས་ཅུས་ཀྱིས་ཉེན་བརྡ་བཏང་ནས་བཤད་རྒྱུར། པང་འདིའི་གནམ་གཤིས་རྩུབ་པོ་ད་རུང་ཉིན་འགར་རྒྱུན་བསྲིང་རྒྱུ་ཡིན་པས། ས་གནས་མང་པོས་དྲག་ཆར་འབབ་པ་དང་ཐོག་གིས་རྒྱག་པ་དང་གློག་དམར་འཁྱུག་པའི་ཉེན་བརྡ་བརྒྱབ་ཡོད་ཟེར།
རྒྱ་གར་དུ་ལོ་རེའི་ཟླ6པ་ནས་ཟླ9པའི་བར་ནི་དུས་རླུང་ཆར་དུས་ཡིན་པ་དང་། ཐོག་ཆར་གྱི་གནམ་གཤིས་མང་དུ་འབྱུང་བ་ཡིན། རྒྱ་གར་གནམ་གཤིས་སྡེ་ཁག་གི་སྡོམ་རྩིས་ལྟར་ན། 2025ལོར་ཆ་འར་ཁིན་ཏི་པང་དུ་མི200ཡན་ཐོག་གིས་བརྒྱབ་པའི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བ་རེད།