ཧྥི་ལི་ཕིན་གྱི་མཚོ་ཁོངས་ལྷོ་མ་རུ་ཚད་རིམ6.4ཅན་གྱི་ས་ཡོམ་བྱུང་ཞིང་། གནས་སྐབས་སུ་མཚོ་རླབས་ཀྱི་འཇིགས་སྐུལ་མེད།
ཁུངས། ཀློག་གྲངས།

ཧྥི་ལི་ཕིན་མེ་རི་ས་ཡོམ་ཞིབ་འཇུག་ཁང་གིས་ཚེས5ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་འདིའི་མུན་ལན་ལའོ་གླིང་ཕྲན་གྱི་མཚོ་ཁོངས་ལྷོ་མ་རུ་ས་དེའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ14ཡས་མས་སུ། ཚད་རིམ6.4ཅན་གྱི་ས་ཡོམ་བྱུང་ཞིང་། ཡོམ་ཁུངས་ཟབ་ཚད་ནི་སྤྱི་ལེ13ཡིན་ལ། མུན་ལན་ལའོ་གླིང་ཕྲན་གྱི་ས་ཁུལ་ཁ་ཤས་ལ་ཡོམ་ཚོར་ཡོད། ཞིབ་འཇུག་ཁང་འདིས་བཤད་རྒྱུར། ལྟ་ཞིབ་ཚད་ལེན་ལྟར་ན་གནས་སྐབས་སུ་མཚོ་རླབས་ཀྱི་འཇིགས་སྐུལ་མེད་ཟེར།

ཧྥི་ལི་ཕིན་ནི་ཞི་བདེ་རྒྱ་མཚོ་སྐོར་བའི་མེ་རིའི་ས་ཡོམ་རྒྱུད་དུ་ཆགས་ཡོད་པས། ས་ཡོམ་མང་དུ་བྱུང་བ་རེད།