ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་དམག་དཔུང་གི་གནད་འགག་མདེལ་རྫས་མི་འདང་བ་བསྟན་པར་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གིས་དེ་ཁས་མ་བླངས།
ཁུངས། ཀློག་གྲངས།

ཚེས4ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་ཆ་འཕྲིན་ཤེས་མཁན་མི་སྣ་མང་པོའི་སྐད་ཆ་དྲངས་ནས་གསར་འགོད་ལྟར་ན། ཟླ2པའི་ཚེས28ཉིན་དབྱི་ལང་བར་གྱི་དམག་འཁྲུག་འགོ་བརྩམས་པ་ནས་བཟུང་། ཨ་རིའི་དམག་དཔུང་གིས་ལྔ་ཆའི་བཞི་ཙམ་གྱི་ས་ཏི་འཕུར་མདེལ་འགོག་བྱེད་མ་ལག་གི་མཛོད་ཉར་དང་རྒྱལ་གཅེས་པ་རྟགས་ཅན་གྱི་མཁའ་ཟོན་མ་ལག་གི་འགོག་མདེལ་ཕྱེད་ཀ་ཙམ་ཟད་གྲོན་བཏང་བ་དང་། རྒྱང་བསྟེན་རྡུང་རྡེག་གཏོང་སྤྱད་ཀྱི་དགྲ་སྟ་རྟགས་ཅན་གྱི་སྐོར་ཞིབ་འཕུར་མདེལ་ཡང་ཕྱེད་ཀ་ཙམ་ཟད་གྲོན་སོང་སྟེ། འཕུར་མདེལ་མཛོད་ཉར་མི་འདང་བའི་གནས་ཚུལ་ཚབས་ཆེན་ལ་ཐོན་ཡོད་པ་བསྟན། གནས་ཚུལ་འདིར་དམིགས་ཏེ། ཚེས4ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སའེ་སི་ཡིས་བཤད་རྒྱུར། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་སྤེལ་བའི་གསར་འགྱུར་འདི་བདེན་པ་མིན་ལ། ཕོ་བྲང་དཀར་པོའི་ཕྱོགས་ཀྱིས་ཨ་རིའི་དམག་དཔུང་ལ་མདེལ་རྫས་གསོག་འཇོག་འདང་ཚིམ་པ་ཡོད་པ་དེས་ཨ་རིའི་སྲིད་འཛིན་གྱི་འཐབ་ཇུས་དམིགས་འབེན་ཡོད་ཚད་སྐོང་ཐུབ་ཟེར།