
དབྱིན་ཇིའི་སྨྱན་སྦྱོར་གྱིས་ཚེས4ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་ཁོངས་གཏོགས་སྒོ་ཁྲལ་ལས་ཁུངས་དང་མཐའ་མཚམས་སྲུང་སྐྱོབ་ཅུས་ཀྱི་དཔོན་རིགས་ཀྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རིའི་སྒོ་ཁྲལ་ལས་ཁུངས་ཀྱིས་ཨ་རིའི《རྒྱལ་སྤྱིའི་བྲེལ་མྱུར་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》གཞིར་བཟུང་ནས་བསྡུས་པའི་སྒོ་ཁྲལ་ཨ་སྒོར་ཁྲག་ཁྲིག་གཅིག་ཕྱིར་སློག་བྱས། ཨ་རིའི་སྒོ་ཁྲལ་ལས་ཁུངས་དང་མཐའ་མཚམས་སྲུང་སྐྱོབ་ཅུས་ཀྱི་དཔོན་རིགས་ཀྱིས་བསྟན་དོན། ཕྱིར་སློག་པའི་དངུལ་འབོར་གྱིས་ཐི་ལང་ཕུའུ་སྲིད་གཞུང་གིས་བཅའ་ཁྲིམས་དེ་གཞིར་བཟུང་ནས་བསྡུས་པའི་ཨ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་དྲུག་ཐེར་འབུམ་ལྔ་ཡི་སྒོ་ཁྲལ་གྱི60%ཟིན་ཡོད། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ད་ལོའི་ཟླ2པར《རྒྱལ་སྤྱིའི་བྲེལ་མྱུར་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》ལས་སྲིད་འཛིན་ལ་གཞི་ཁྱོན་ཆེ་བའི་སྒོ་ཁྲལ་བསྡུ་རྒྱུའི་དབང་ཆ་མི་སྤྲོད་པའི་བཀའ་བཅད་བཏང་། ཨ་རིའི་རྒྱལ་སྤྱིའི་ཉོ་ཚོང་ཁྲིམས་ཁང་གིས་དེའི་རྗེས་སུ་སྒོ་ཁྲལ་ལས་ཁུངས་ཀྱིས་འབྲེལ་ཡོད་དཔྱ་ཁྲལ་ཕྱིར་སློག་དགོས་པའི་བཀའ་ཕབ།