
དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》སྟེང་ཉེ་སྔོན་སྤེལ་བའི་དབྱེ་ཞིབ་ལ་གཞིགས་ན། ད་ལོར་ཧྥ་རན་སེ་དང་སི་ཕེན་སོགས་ཡོ་རོབ་རྒྱལ་ཁབ་ལ་མཆེད་པའི་ནགས་ཚལ་མེ་སྐྱོན་དང་དྲོད་ཚད་མཐོན་པོས་ཡོ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་གཅིག་དང་། ཧ་ལམ་དམངས་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བཞི་དུང་ཕྱུར་གཅིག་ལས་བརྒལ་བའི་གྱོན་གུན་བཟོས་ཡོད། དེའི་ནང་མེ་སྐྱོན་གྱི་གནས་ཚུལ་ཚབས་ཆེ་བའི་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་ཅི་ལོན་ཐི་ཞིང་ཆེན་ནི་ཧྥ་རན་སེའི་དམག་དོན་བཟོ་ལས་དང་མཁའ་འགྲུལ་མཁའ་སྐྱོད་ལས་རིགས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན། ཞིང་ཆེན་དེའི་བཟོ་ཚོང་ཚོགས་པས་བསྟན་དོན། མེ་སྐྱོན་གྱིས་ཉུང་མཐར་ཡང་ཁེ་ལས་ཁྲི4ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་ཁྲོད་དུ། ཧ་ལམ་ཁེ་ལས་ཆིག་ཁྲི་དགུ་སྟོང་གིས་ལས་མཚམས་བཞག་ཡོད། གཞན་ཡང་གནས་ཚུལ་སྤེལ་བ་ལྟར་ན། མེ་སྐྱོན་གྱིས་ཞིང་ལས་ལོ་ཏོག་དང་ཡུལ་སྐོར་ཐོན་ཁུངས་ལ་གྱོང་གུན་བཟོས་པ་དང་། ཡུལ་སྐོར་བ་ཇེ་ཉུང་དུ་ཕྱིན་པ་སོགས་མངོན་མེད་རང་བཞིན་གྱི་གྱོང་གུན་རིམ་བཞིན་མངོན་ཡོད།