
ཨ་རིའི་སྨྱན་སྦྱོར་གྱིས་ཚེས4ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་གཞུང་གིས་ཨ་རིར་སྡོད་པའི་པར་ཙིར་གྱི་གཞུང་ཚབ་ཆེན་མོའི་ཐོངས་མཆན་མེད་པར་བཟོས་ནས། པར་ཙིར་གྱིས་ཟླ་སྔོན་མར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་མི་གཉིས་ལ་ཐོངས་མཆན་མ་སྤྲད་པ་དང་། པར་ཙིར་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་འོས་མི་ཡུན་རིང་དུ་དང་ལེན་མ་བྱས་པ་ལ་ཡ་ལན་སྤྲད་པ་རེད། པར་ཙིར་སྲིད་གཞུང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཨ་རིའི་འབྲེལ་ཡོད་བྱ་སྤྱོད་དེ་ཆབ་སྲིད་ཀྱི་ཀུན་སློང་ཡོད་པར་སྐྱོན་བརྗོད་བྱས་པ་དང་། དམིགས་ཡུལ་ནི་པར་ཙིར་གྱི་འདེམས་བསྐོ་ཆེན་མོར་ཤུགས་རྐྱེན་ཐེབས་སུ་འཇུག་ཆེད་རེད།
ཉིན་དེར་། པར་ཙིར་གྱིས་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་འབྲེལ་བ་དེ་ཚབ་སྒྲུབ་རིམ་པར་ཆག་རྒྱུ་ཁྱབ་བསྒྲགས་བྱས་ནས། ཨ་ཀེན་ཐིན་གྱི་སྲིད་འཛིན་མུས་ལའེ་ཡིས་པར་ཙིར་སྲིད་གཞུང་ལ་དམིགས་པའི་བརྙས་བཅོས་རང་བཞིན་གྱི་གཏམ་བརྗོད་སྤེལ་བར་རྒོལ་གཏམ་བཏང་བ་རེད།