
ཚེས4ཉིན། ཡོ་རོབ་མནའ་འབྲེལ་ཁོངས་ཞུགས་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་གིས་བྲེལ་མྱུར་བརྙན་རིས་ཚོགས་འདུ་བསྡུས་ཏེ། སི་ཕེན་གྱི་ཞིའུ་ཏ་རུ་བྱུང་བའི་ཁྲིམས་འགལ་གནས་སྤོ་ཡུལ་མིའི་ཉམས་ཉེན་སེལ་རྒྱུའི་ཐད་གྲོས་མོལ་བྱས་ཏེ། བྱེད་ཐབས་སྔར་ལས་ནན་མོ་སྤྱད་དེ་ལྐོག་བརྒལ་དྲ་བར་རྡུང་རྡེག་གཏོང་དགོས་པ་དང་། ཕྱིར་སྐྱེལ་བའི་སྲིད་ཇུས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བྱས། སི་ཕེན་གྱི་ནང་སྲིད་བློན་ཆེན་མཱ་ལ་སི་ཁཱ་ཡིས་ཉིན་དེར་བཤད་རྒྱུར། གཟའ་འཁོར་སྔོན་མར་བསྡོམས་པས་མི་བདུན་ཁྲི་ཉིས་སྟོང་ཁྲིམས་འགལ་ངང་མོ་རོ་ཁོ་ནས་ཞིའུ་ཏའི་མངའ་ཁོངས་སུ་ཐོན་པ་དང་། དེའི་ནང་མི་ཁྲི་བདུན་ཕྱིར་བསྐྱལ་ཟིན་ཟེར།
ཚེས4ཉིན། སི་ཕེན་གཞུང་ཕྱོགས་ཀྱིས་བསྟན་དོན། ཐེངས་འདིའི་ཁྲིམས་འགལ་གནས་སྤོ་ཡུལ་མིའི་ཉམས་ཉེན་ལས་ཉུང་མཐར་ཡང་མི75རྐྱེན་ལམ་དུ་ཤོར་ཡོད་ཟེར།