ཨུ་རུ་སུའི་མི་མེད་གནམ་གྲུ་བཟོ་གྲྭའི་འགན་ཁུར་པར་རླངས་འཁོར་འགད་གཏོར་བྱས་པའི་འཇབ་རྒོལ་ཐེབས།
ཁུངས། ཀློག་གྲངས།

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས5ཉིན་གསར་འགོད་ལྟར་ན། ཨུ་རུ་སུའི་དབུས་རྒྱུད་སི་ཝེ་ཨར་ཏི་ལོ་ཧྥུ་སི་ཁི་མངའ་སྡེ་ཡི་ལྟེ་གནས་གྲོང་ཁྱེར་དབྱི་ཁ་ཅེ་ལིན་པའོ་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་ཚེས4ཉིན་རླངས་འཁོར་འགད་གཏོར་གྱི་དོན་རྐྱེན་ཞིག་བྱུང་སྟེ། ཝུའུ་ལ་འར་མི་མེད་གནམ་གྲུ་བཟོ་གྲྭའི་སྤྱི་གཉེར་པ་ལ་རྨས་ལྗི་མོ་ཕོག་པ་དང་། དེའི་སྐུ་སྲུང་བ་འགད་གཏོར་ཁྲོད་རྐྱེན་ལམ་དུ་ཤོར།

གསར་འགོད་ལས་བསྟན་དོན། བཟོ་གྲྭ་འདིའི་སྤྱི་གཉེར་བ་ཧྥོ་ལ་ཅི་མུས་འར་.ཐི་ཁ་ཆིའུ་ཁི་ལ་འགད་གཏོར་ཁྲོད་རྨས་ལྗི་མོ་ཕོག་ནས་སྨན་ཁང་གི་ནད་པ་ཚབས་ཆེན་ལྟ་སྲུང་ཁང་དུ་བསྐྱལ་ཡོད། ཐི་ཁ་ཆིའུ་ཁི་ཡི་ཁ་ལོ་བའམ་སྐུ་སྲུང་བ་འགད་གཏོར་ཁྲོད་རྐྱེན་ལམ་དུ་ཤོར། ཡུལ་དངོས་བརྙན་རིས་ལྟར་ན། ཐི་ཁ་ཆིའུ་ཁི་བསྡད་ཡོད་པའི་པིན་ཁྲུ་རླངས་འཁོར་དེ་འགད་གཏོར་ཁྲོད་བརླག་པ་རེད།

ཨུ་རུ་སུའི་འབྲེལ་ཡོད་སྡེ་ཁག་གིས་གྱོད་ཐོ་བཀོད་དེ་མྱུལ་ཞིབ་བྱས།

ཐ་སི་གསར་འགྱུར་ཁང་གི་གསར་འགོད་ལས་བསྟན་དོན། ཝུའུ་ལ་འར་མི་མེད་གནམ་གྲུའི་བཟོ་གྲྭ་ནི་ཨུ་རུ་སུ་ཡིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འགལ་ཟླ་ཁྲོད་རྒྱ་ཁྱབ་ངང་སྤྱོད་པའི་མི་མེད་གནམ་གྲུའི་ཐོན་སྐྱེད་ཁེ་ལས་ཤིག་ཡིན།