དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་ལྷོ་རྒྱུད་དུ་མཁའ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ལེ་པ་ནོན་དང་དབྱི་སི་རལ་བར་གྱི་གྲོས་མོལ་གནས་སྐབས་སུ་མཚམས་བཞག་པ་བསྟན།
ཁུངས། ཀློག་གྲངས།

ལེ་པ་ནོན་སྨྱན་སྦྱོར་གྱིས་ཚེས5ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པ་ནོན་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་བར་སྣང་འཇབ་རྒོལ་བྱས་ཏེ་མི1རྐྱེན་ལམ་དུ་ཤོར་བ་དང་མི11ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་བསྟན་དོན། ལེ་པ་ནོན་ལྷོ་རྒྱུད་དུ་གནད་འཁེལ་རྡུང་རྡེག་བྱས་ནས། ལེ་པ་ནོན་ཀྲིན་ཀྲུའུ་ཏང“འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི”བྱ་སྤྱོད་ལ་ཨ་ལན་སློག་པ་ཡིན་ཟེར།

རེས་སྐོར་གསར་པའི་ལེ་པ་ནོན་དང་དབྱི་སི་རལ་གྱི་གྲོས་མོལ་དེ་དབྱི་ཐ་ལིའི་རོ་མར་ བསྡུ་བཞིན་པའི་སྒང་ཡིན། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཚེས5ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རིར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ཡའེ་ཞི་ཨད་འར་·ལའེ་ཐི་ཡིས་ལེ་པ་ནོན་གྱི་འཐུས་ཚབ་ཚོགས་པས་གསང་བ་ཕྱིར་གྱར་བ་རྒྱུ་མཚན་དུ་བྱས་ནས་གྲོས་མོལ་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན། དབྱི་སི་རལ་དང་ལེ་པ་ནོན་གཞུང་ཕྱོགས་ཀྱིས་འདིའི་ཐད་ཕྱིར་ལན་བཏབ་མེད།