རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱིས་ཡན་ལག་ཀུང་སིའི་ཚོང་ལས་གྲོས་གཞིའི་ཐད་ནས་ཡོངས་བསྒྲགས་དགོངས་དག་ཞུས།
ཁུངས། ཀློག་གྲངས།

ཚེས་5ཉིན་རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱི་མཐོ་རིམ་མི་སྣས་མོ་རོ་ཁོ་རུ་ཚོགས་འདུ་བསྡུས་ནས། ཉེ་སྔོན་དོར་བའི་ཚོང་ལས་གྲོས་གཞིར་གྲོས་བསྡུར་བྱས་པ་མ་ཟད།  གསལ་བསྒྲགས་སྤེལ་ནས་བསྟན་དོན། རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་དང་ཚོགས་མིའི་མཐུན་ཚོགས་སོ་སོར་འཕྲིན་ཡིག་བཏང་ནས་ནོར་འཛོལ་དེ་དག་ལ་དགོངས་དག་ཞུས་ཤིང་། གནས་ཚུལ་དེའི་རིགས་སླར་ཡང་མི་འབྱུང་བ་ཁས་ལེན་བྱས་པ་མ་ཟད། ཞིབ་བཤེར་བྱས་ནས་རང་ངོས་ཀྱི་བརྒྱུད་རིམ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།  

རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱིས་ཟླ་སྔོན་མའི་ཚེས28ཉིན་གྲོས་གཞི་ཞིག་ཡོངས་བསྒྲགས་བྱས་ཏེ་བསྟན་དོན། “རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱི་མདུན་སྐྱོད་ཀུང་སི”བཙུགས་ནས་འཛམ་གླིང་བུམ་པ་རྟགས་མའི་རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་གཙོ་བོར་འགན་འཁུར་རྒྱུ་དང་།  ཕྱི་ཕྱོགས་ཀྱི་མ་དངུལ་འཇོག་མཁན་ལ་ཀུང་སི་དེའི་རྐང་དབང་ཆ་ཤས་ཕྱིར་འཚོང་བྱ་རྒྱུ་བསྒྲགས་རྩིས་བྱས་པ་དེར་ཡོ་རོབ་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་དང་། མེ་གླིང་བྱང་མ་དང་དབུས་མ། ཅ་ལི་པིས་ས་ཁུལ་གྱི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ།  ཨེ་ཤ་ཡའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ངོ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་རྒྱལ་སྤྱིའི་རྐང་གྲུག་མཐུན་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནོ་ཡིས་གྲོས་གཞི་དེ་དོར་བ་ཁྱབ་བསྒྲགས་བྱས་ཟེར།