
ཨ་རིའི་ཁ་ལོ་ལའེ་ན་བྱང་མ་མངའ་སྡེ་ཡི་བརྟག་དཔྱད་ཅུས་ཀྱིས་ཚེས5ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། མངའ་སྡེ་འདིའི་བྱང་རྒྱུད་ཁཱ་སི་ཝེ་འར་རྫོང་གི་སྡོད་ཁང་ཞིག་ཏུ་ཉིན་དེའི་ཞོགས་པར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། དོགས་ཡོད་ཉེས་ཅན་ཚུད་པའི་མི3རྐྱེན་ལམ་དུ་ཤོར་བ་དང་། མི1རྨས།
སྤྱི་བསྒྲགས་ལས་བཤད་རྒྱུར། ཁྲིམས་བསྟར་མི་སྣར་ཉེན་བརྡ་འབྱོར་རྗེས་ཡུལ་དངོས་སུ་ཐོན་ལ། མི་མང་པོར་མེ་མདས་འཁེལ་ཡོད་པ་མཐོང་། དོན་རྐྱེན་བྱུང་ཡུལ་ནི་ཞིང་སྡེ་ས་ཁུལ་ཡིན་ལ། སྡོད་ཁང་ནང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ཞིང་། སྤྱི་དམངས་ལ་འཇིགས་སྐུལ་ཐེབས་མེད།
ས་དེའི་བདེ་སྲུང་དཔོན་རིགས་ཀྱི་བདེན་དཔང་ར་སྤྲོད་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་འདི་ལས་རྐྱེན་ལམ་དུ་ཤོར་མཁན་དང་དོགས་ཡོད་ཉེས་ཅན་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད།
མིག་སྔར། གྱོད་དོན་བརྟག་དཔྱད་བྱེད་བཞིན་ཡོད།