
ཡེ་མོན་ཧུའུ་སའེ་དྲག་ཆས་ཀྱིས་ཚེས5ཉིན་བསྟན་དོན། རྩ་འཛུགས་དེས་ཉིན་དེར་འཕུར་མདེལ་སྤྱད་དེ་ཧུང་ཧའེ་རྒྱ་མཚོའི་བྱང་རྒྱུད་དང་ཡ་ཏིན་མཚོ་ཁུག་ཏུ་གནས་པའི་སོ་ཏི་ཨ་རབ་ཀྱི་སྣུམ་གྲུ་གཉིས་ལ་འཇབ་རྒོལ་བྱས་པ་བསྟན། སོ་ཏི་ཨ་རབ་ཕྱོགས་ཀྱིས་དེའི་ཐད་ལ་ད་དུང་ཕྱིར་ལན་བཏབ་མེད། ཧུའུ་སའེ་དྲག་ཆས་ཀྱིས་ད་དུང་བསྟན་དོན། ཧུང་ཧའེ་ལྷོ་རྒྱུད་ཀྱི་མན་ཏི་མཚོ་འགག་ཕྱོགས་སུ་སོ་ཏི་ཨ་རབ་ཀྱི་མཚོ་ཐོག་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཧུང་ཧའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་སོ་ཏི་ཨ་རབ་ཀྱི་སྣུམ་གྲུ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་རིམ་སྤོར་བྱེད་རྒྱུ་ཡིན་ཚུལ་བསྟན།