འཇར་པན་གྱི་ཁྱིམ་ཚང་གི་འཛད་སྤྱོད་བསྟུད་མར་ཟླ7རིང་ན་ནིང་གི་དུས་མཉམ་ལས་མར་ཆག
ཁུངས། ཀློག་གྲངས།

འཇར་པན་སྤྱི་དོན་ཞིང་ཆེན་གྱིས་ཚེས7ཉིན་བསྒྲགས་པའི་བརྟག་དཔྱད་མཇུག་འབྲས་ལྟར་ན། འཇར་པན་གྱི་ཁྱིམ་ཚང་གི་འཛད་སྤྱོད་བསྟུད་མར་ཉམས་ཞན་དུ་སོང་བ་དང་། ཟླ6པར་ཁྱིམ་ཚང་གི་འཛད་སྤྱོད་འགྲོ་གྲོན་གཏོང་ཚད་བསྟུད་མར་ཟླ7རིང་ན་ནིང་གི་དུས་མཉམ་ལས་མར་ཆག་པ་རེད།

གཞི་གྲངས་ལྟར་ན། ཟླ6པར་འཇར་པན་གྱི་མི་གཉིས་དང་དེའི་ཡན་གྱི་ཁྱིམ་ཚང་གི་ཟླ་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་གྲོན་གཏོང་ཚད་ནི་ན་ནིང་གི་དུས་མཉམ་ལས3.3%མར་ཆག་པ་རེད། ཟླ་སྔོན་མ་ལས6.4%མར་ཆག་པ་རེད། འཛད་སྤྱོད་འགྲོ་གྲོན་གཏོང་བའི་རིགས་ཆེན་པོ10ཡི་ཁྲོད། རིགས6གི་འགྲོ་གྲོན་གཏོང་ཚད་ན་ནིང་གི་དུས་མཉམ་ལས་མར་ཆག་པ་རེད།

བྱེ་བྲག་གི་ཆ་ནས་བལྟས་ན། གྱོན་ཆས་དང་ལྷམ་གྱི་རིགས། ཁྱིམ་སྤྱོད་མཁོ་ཆས། ཆུ་གློག་སོལ་རླངས། འགྲིམ་འགྲུལ་འཕྲིན་གཏོང་སོགས་ཀྱི་འགྲོ་གྲོན་གཏོང་ཚད་ནི་མངོན་གསལ་གྱིས་མར་ཆག་པ་རེད། ཟས་རིགས་ལ་འགྲོ་གྲོན་གཏོང་ཚད་ནི་ཟླ5པར་ན་ནིང་གི་དུས་མཉམ་ལས་འཕར་སྣོན་བྱུང་རྗེས། ཟླ6པར་ཡང་བསྐྱར་ན་ནིང་གི་དུས་མཉམ་ལས་མར་ཆག་པ་རེད། མར་ཆག་ཚད2.5%རེད། དབྱེ་ཞིབ་བྱས་པ་ལས་བསྟན་དོན། མཚོ་རླུང་གཡུག་པ་དང་ཆར་བ་འབབ་པ་སོགས་ཀྱི་གནམ་གཤིས་མང་དུ་བྱུང་བའི་ཤུགས་རྐྱེན་ཐེབས་ཏེ། ཚོང་རྫས་དང་ཞབས་ཞུ་རིགས་མང་པོའི་འགྲོ་གྲོན་གཏོང་ཚད་ཇེ་ཉུང་དུ་ཕྱིན་པ་རེད།

ལུའུ་ཐི་གསར་འགྱུར་ཁང་གི་གསར་འགོད་ལྟར་ན། འཇར་པན་སྤྱི་དོན་ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། ན་ནིང་གི་ཟླ12པའི་ཚུན་ལ། འཇར་པན་གྱི་ཁྱིམ་ཚང་གི་ཡོང་འབབ་ཁྲོད་འཛད་སྤྱོད་ལ་བཀོལ་བའི་བསྡུར་ཚད་བསྟུད་མར་མར་ཆག་པ་དང་། ཡོང་འབབ་ཁ་ཤས་གསོག་འཇོག་བྱས་ཡོད་པ་འདྲ་ཟེར།