
འཇར་མན་ལོ་པོ་ཐི་.ཁི་ཧི་ཞིབ་འཇུག་ཁང་གིས་ཚེས6ཉིན་སྙན་ཞུ་བསྒྲགས་ནས་བཤད་རྒྱུར། ཟླ7པའི་ཚེས26ཉིན་བར། འཇར་མན་དུ་ད་ལོར་ཚ་བ་ཆེ་བའི་གནམ་གཤིས་རྐྱེན་བྱས་ཏེ་ཧ་ལམ་མི་ཆིག་ཁྲི་ཆིག་སྟོང་དགུ་བརྒྱ་རྐྱེན་ལམ་དུ་ཤོར། གྲངས་འབོར་འདི2016ལོའི་ཚུན་གྱི་ལོ་འཁོར་གང་ལས་ཀྱང་ཚ་བ་ཆེ་བའི་གནམ་གཤིས་རྐྱེན་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལས་མང་བ་རེད།
སྙན་ཞུ་ལས་བཤད་རྒྱུར། ཚོད་དཔག་བྱས་ན་ཧ་ལམ་མི9600ཟླ་དྲུག་པའི་ཟླ་སྨད་ཀྱི་ཚ་རླབས་ཆེན་པོའི་གནམ་གཤིས་བྱུང་ནས་རྐྱེན་ལམ་དུ་ཤོར་ཞིང་། དོན་ངོ་མར་རྐྱེན་ལམ་དུ་ཤོར་བའི་གྲངས་འབོར་འདི་ལས་མང་ཡང་སྲིད།
ད་ལོའི་ཟླ6པའི་ཚུན་ལ། འཇར་མན་ནང་དུ་གཏོགས་པའི་ཡོ་རོབ་གླིང་གི་ས་ཁུལ་དུ་ཚ་བ་ཆེ་བའི་གནམ་གཤིས་བྱུང་བ་དང་། འཇར་མན་གྱི་ས་ཁུལ་མང་པོའི་དྲོད་ཚད་ཏུའུ40ཡས་མས་ལ་སླེབས་པ་རེད། ལོ་པོ་ཐི་.ཁི་ཧི་ཞིབ་འཇུག་ཁང་གིས་བཤད་རྒྱུར། འཇར་མན་དུ་ཚ་བ་ཆེ་བའི་གནམ་གཤིས་འདི་འདྲ་བྱུང་ཐེངས་ཧ་ཅང་ཉུང་ཟེར། དེ་སྔ་འཇར་མན་དུ་ལོ་ཧྲིལ་བོའི་ནང་ཚ་བ་ཆེ་བའི་གནམ་གཤིས་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་གྲངས་འབོར་ཆེས་མང་དུས་ནི2018ལོ་ཡིན་ལ། མི9000ཙམ་རྐྱེན་ལམ་དུ་ཤོར།
སྙན་ཞུ་ལས་བཤད་རྒྱུར། ལོ75ཡན་གྱི་མི་ཚོགས་ལ་ཚ་བ་ཆེ་བའི་གནམ་གཤིས་ཀྱི་གནོད་འཚེ་ཐེབས་ཤུགས་ཧ་ཅང་ཆེ། ཟླ7པའི་ཚེས26ཉིན་བར་དུ། ད་ལོའི་ཚ་བ་ཆེ་བའི་གནམ་གཤིས་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲོད། ལོ75ནས་ལོ84ཡན་གྱི་མི་ཚོགས་ཧ་ལམ2910ཡོད་པ་དང་། ལོ85ཡན་དང་དེའི་ཡན་གྱི་མི་ཚོགས་ཧ་ལམ6060ཡོད་པ་རེད།