
བསྟུད་མར་ཚ་བ་ཆེ་བ་དང་ཐན་པ་བྱུང་བའི་རྐྱེན་གྱིས་ཡོ་རོབ་ཀྱི་གཙང་བོ་མང་པོའི་ཆུ་གནས་ཇེ་དམའ་རུ་སོང་། འཇར་མན་སྨྱན་སྦྱོར་གྱིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ལའེ་དབྱིན་གཙང་པོའི་ཁའོ་པུའུ་ཆུ་རྒྱུད་ཀྱི་ཆུ་གནས་ལི་སྨི19རུ་མར་ཆག་ནས་ལོ་རྒྱུས་ཀྱི་དམའ་ཤོས་སུ་གྱུར་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཆུའི་ཟབ་ཚད་ཀྱིས་དངོས་སྐྱེལ་གྲུ་གཟིངས་འདེགས་ཚད་ལ་མི་འདང་བ་དང་། མཚོ་ཐོག་སྐྱེལ་འདྲེན་གྱི་འགྲོ་གྲོན་ཇེ་མཐོར་སོང་བས་འཇར་མན་བཟོ་ལས་ལ་རྡབ་ཤུགས་ཐེབས་པ་རེད། རོ་མ་ནི་ཡའི་ཆུ་དོན་སྡེ་ཁག་གི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས6ཉིན་ཏའོ་ནོ་གཙང་པོའི་རྒྱལ་ཁབ་དེའི་མངའ་ཁོངས་ཆུ་རྒྱུད་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི1400མར་ཆག་པ་དང་། དེ་ནི1985ལོའི་ཚུན་གྱི་ཆུ་གནས་དམའ་ཤོས་དེ་ཡིན། ཨོ་སི་ཁྲུ་རི་ཡ་དང་ཧང་ག་རི། ཏའོ་ནོ་གཙང་བོའི་ཆུ་རྒྱུད་ཁ་ཤས་ཀྱི་དངོས་ཟོག་སྐྱེལ་འདྲེན་ནུས་པའང་མངོན་གསལ་གྱིས་མར་ཆག་ཡོད།