
འཇར་པན་ནོར་དོན་ཞིང་ཆེན་གྱིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཇར་པན་གྱིས་དུས་ཚིགས་གཉིས་པར་རིམ་རྩིས་བྱས་ན་འཇར་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལ་ཐེ་གཏོགས་ཐེངས3བྱས་པ་དང་། གཞི་རྒྱ་དེ་འཇར་སྒོར་རབ་བཀྲམ་གཅིག་ཁྲག་ཆེན་གཅིག་ལས་བརྒལ་ཡོད། ཧ་ལམ་ཨ་སྒོར་ལ་ཕབ་ན་ཐེར་ཆེན6ཐེར་འབུམ9དུང་ཕྱུར5ཟིན་ཡོད། གོང་གསལ་གྱི་ཐེ་གཏོགས་བྱེད་ཐབས་ལག་བསྟར་མ་བྱས་གོང་། འཇར་པན་གྱི་སྒོར་མོ་དང་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་སྐབས་ཤིག་ལ་ཨ་སྒོར1འཇར་པན་གྱི་སྒོར་མོ160བར་མར་ཆག ཐེ་གཏོགས་བྱས་རྗེས་འཇར་པན་གྱི་དངུལ་བརྗེས་འཛའ་ཐང་སྐབས་ཤིག་རིང་བསྐྱར་འཕར་བྱུང་མོད། འོན་ཀྱང་འཕར་ཚད་རྒྱུན་མཐུད་མ་ཐུབ། དེའི་རྗེས་སུ་འཇར་པན་དང་ཨ་རིས་མཉམ་འབྲེལ་གྱིས་ཕྱི་རྒྱལ་དངུལ་བརྗེས་ཚོང་རར་ཐེ་གཏོགས་བྱས་ཏེ། འཇར་པན་གྱི་དངུལ་བརྗེས་འཛའ་ཐང་ཟླ་འདིའི་ཚེས3ཉིན་སྐབས་ཤིག་ལ་འཕར་མོད། འོན་ཀྱང་ཚེས7ཉིན་ཨ་སྒོར1འཇར་པན་གྱི་སྒོར་མོ158བརྗེས་མཚམས་སུ་མར་ཆག་འདུག