
ཨ་རིའི་སྨྱན་སྦྱོར་གྱིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྭ་ཧྲིན་ཏོན་མངའ་སྡེ་ཡི་སི་པོ་ཁན་རྫོང་གི་ནགས་ཚལ་མེ་སྐྱོན་སྔར་བཞིན་རྒྱུན་བསྲིངས་ཡོད་ལ། མིག་སྔར་ནགས་ཚལ་མེ་སྐྱོན་བྱུང་ས་མང་པོར13%ཙམ་ལས་ཚོད་འཛིན་ཐུབ་མེད། ནགས་ཚལ་མེ་སྐྱོན་ལས་ཐོན་པའི་དུ་ཞག་གིས་ས་ཆ་མང་པོའི་མཁའ་དབུགས་སྤུས་ཚད་བཙོག་སྒྱུར་བྱས་པ་དང་། ས་ཁུལ་ཁག་ཅིག་གི་མང་ཚོགས་ཀྱི་འཚོ་བར་ཚད་བཀག་ཐེབས་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཚེས7ཉིན་ཧྭ་ཧྲིན་ཏོན་མངའ་སྡེ་རུ་རླུང་ཆེན་གཡུགས་ནས་ས་གནས་དེ་གའི་མེ་སྐྱོན་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན།