དབྱི་ལང་གིས་ཨ་མན་བར་ཧོ་འར་མུའུ་ཙི་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་འབྲེལ་ཡོད་གྲོས་མཐུན་གྱི་སྤྱིའི་སྒྲོམ་གཞི་ཁ་གསལ་བཟོས་ཡོད་པ་བསྟན།
ཁུངས། ཀློག་གྲངས།

དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས7ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་དབྱི་སི་ལན་གྲོས་ཁང་གི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་བསྟན་དོན། དབྱི་ལང་དང་ཨ་མན་གྱིས་ཧོ་འར་མུའུ་ཙི་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་འབྲེལ་ཡོད་གྲོས་མཐུན་གྱི་སྤྱིའི་སྒྲོམ་གཞི་ཁ་གསལ་བཟོས་ཡོད་པ་དང་། མཐའ་མའི་ཡིག་ཆ་དང་ཞིབ་ཕྲའི་གནས་ཚུལ་དག་ཉེ་ཆར་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། 

ལུའུ་ཐི་གསར་འགྱུར་ཁང་གིས་ཚེས7ཉིན་གནས་ཚུལ་སྤེལ་དོན། ཨ་རིའི་དཔོན་རིགས་ཤིག་གིས་བསྟན་དོན། དབྱི་ལང་དང་ཨ་མན་གྱི་ཧོ་འར་མུའུ་ཙི་མཚོ་འགག་སྐོར་གྱི་གྲོས་མཐུན་ལ་གྲོས་འཆམ་བྱུང་རྗེས། མཚོ་འགག་གི་ཚོང་ལས་སྐྱེལ་འདྲེན་སླར་གསོ་བྱས་ཏེ། ཨ་རིས་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་མེད་པར་བཟོ་རྒྱུ་རེད།