ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་དམག་དཔུང་གི་མཐོ་རིམ་མི་སྣས་དབྱི་ལང་གི་དམག་འཁྲུག་ནས་ཕྱིར་འཐེན་བྱེད་ཐབས་འཚོལ་བཞིན་ཡོད་ཟེར།
ཁུངས། ཀློག་གྲངས།

ཚེས7ཉིན་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁའེ་ཨུན་གྱིས་དབྱི་ལང་གི་དམག་འཁྲུག་ནས་ཕྱིར་འཐེན་བྱེད་པའི་ཐབས་ལམ་འཚོལ་བཞིན་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཁའེ་ཨུན་གྱིས་བལྟས་ན། མིག་སྔའི་གནས་ཚུལ་འོག་བར་སྣང་ཁོ་ནའི་རྡུང་རྡེག་ཙམ་གྱིས་ཨ་རིའི་སྲིད་འཛིན་གྱི་དམིགས་འབེན་མངོན་འགྱུར་བྱེད་མི་ཐུབ་པ་མ་ཟད། རྡུང་རྡེག་ཆེ་རུ་བཏང་ཚེ་དེ་ལས་ལྡོག་ངེས་པར་ངོས་འཛིན་བྱས། ཁའེ་ཨུན་གྱི་མགྲིན་ཚབ་པས་གནས་ཚུལ་འདི་ལ་དཔྱད་བརྗོད་སྤེལ་རྒྱུ་དང་ལེན་མ་བྱས།