
ཚེས9ཉིན་ནི་འཇར་པན་ཁྲང་ཆིའི་ཉིང་རྡུལ་འབར་གས་བྱུང་ནས་ལོ་ངོ81འཁོར་བའི་ལོ་རེད། ཉིན་དེར་འཇར་པན་གྱི་མང་ཚོགས་སྐོར་ཞིག་གིས་ཁྲང་ཆི་རུ་འདུ་ཚོགས་བསྡུས་ནས། ཀའོ་ཧྲི་ཙའོ་མུའོ་སྲིད་གཞུང་གིས་དམག་དཔུང་རྒྱ་སྐྱེད་དང་རྩ་ཁྲིམས་བཟོ་བཅོས་ཀྱི་ཉེན་ཁའི་འཕེལ་ཕྱོགས་ལ་ངོ་རྒོལ་བྱས།
ཏུང་ཅིན་དུ་འཇར་པན་གྱི་མང་ཚོགས་ཁ་ཤས་ཀྱིས་ཉིན་དེར་ངོ་རྒོལ་བྱེད་སྒོ་སྤེལ་ཞིང་། འཇར་པན་སྲིད་གཞུང་གིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཞི་བདེ་བརྟན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།