དབྱི་སི་རལ་གྱི་ཙུང་ལིས་ཨ་རིས་རྒྱབ་སྐྱོར་བྱས་པའི་ཅ་ཧྲའི་ཞི་བདེ་འཆར་གཞི་དང་ལེན་མི་བྱེད་ཟེར། ཨ་རིའི་སྨྱན་སྦྱོར་གྱིས་ཕོ་བྲང་དཀར་པོས་དེར“སྣང་འཇོག་མི་བྱེད”ཟེར།
ཁུངས། ཀློག་གྲངས།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས9ཉིན་བསྟན་དོན།  དབྱི་སི་རལ་གྱིས་ཨ་རིས་བཏོན་པའི“ཞི་བདེ་ཨུ་ཡོན་ལྷན་ཁང་གིས”བཏོན་པའི་ཅ་ཧྲའི་ཞི་བདེ་འཆར་གཞི་དང་ལེན་མི་བྱེད་པར་བསྟན། ཁོས་ནན་གྱིས་བསྟན་དོན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ངེས་པར་དུ་ངེས་པ་དོན་གྱིས་དྲག་ཆས་ཡོད་ཚད་མེད་པར་བཟོ་དགོས་ལ།  དེའི་ཁྲོད་དུ་མཚོན་ཆ་ཆེ་གྲས་རིགས་དང་མཚོན་ཆ་ཡང་བའི་རིགས་འདུས་ཤིང་། དེ་ལྟར་མ་བྱས་ན་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་མི་སྲིད་ཟེར།

ཧ་མ་སིས་དེ་སྔོན་བཤད་རྒྱུར། མཚོན་ཆ་རྩིས་སྤྲོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་དབྱི་སི་རལ་གྱིས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དེ་ཡིན་ཟེར།  རྩ་འཛུགས་དེས་ཚེས9ཉིན་ད་དུང་བསྟན་དོན།  སྔར་བཞིན་ཅ་ཧྲའི་ཞི་བདེ་འཆར་གཞི་དོན་འཁྱོལ་བྱེད་པར་གཞོལ་ནས། “ཞི་བདེ་ཨུ་ཡོན་ལྷན་ཁང”གིས་འགན་འཁུར་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར།

ཚེས9ཉིན་ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་ཕྱོགས་ཀྱིས་ནེ་ཐ་ཉི་ཡ་ཧུའུ་ཡི་རྣམ་འགྱུར་ལ“སྣང་འཇོག་གཏན་ནས་མི་བྱེད་པ”དང་། འདི་ནི་དབྱི་སི་རལ་གྱི་འདེམས་བསྐོ་ཆེན་མོ་དང་འབྲེལ་བའི“ཆབ་སྲིད་ཀྱི་དགོས་མཁོ”ཞིག་ཡིན་པར་འདོད་ཚུལ་བསྟན།  

ཟླ7པའི་ཚེས30ཉིན།  ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་བསྒྲགས་པ་ལྟར་ན། ཧ་མ་སི་དང་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་གཞན་དག་དང“ཕྱོགས་ཡོངས་ནས་དྲག་ཆས་མེད་པར་བཟོ་བའི”ཐད་གྲོས་མཐུན་བཞག་ཡོད་ཟེར། “ཞི་བདེ་ཨུ་ཡོན་ལྷན་ཁང”གིས་ཉིན་གཉིས་པར་ནང་དོན15འདུས་པའི་ཅ་ཧྲའི་ཞི་བདེ་འཆར་གཞི་བསྒྲགས།