དབྱི་ལང་གིས་དམག་འཁྲུག་གི་སྐྱིན་ཚབ་འཇལ་དགོས་པ་བཏོན་པས། ཐི་ལང་ཕུའུ་ཡིས་ཀྱང་དབྱི་ལང་གིས་དམག་འཁྲུག་གྱོང་གུན་གྱི་སྐྱིན་ཚབ་འཇལ་དགོས་པ་བསྟན།
ཁུངས། ཀློག་གྲངས།

ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས10ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དབྱི་ལང་གིས་ཨ་རིས་དམག་དོན་འགལ་ཟླའི་ཐད་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན་རྗེས། ཁོས་ཀྱང་དབྱི་ལང་གིས་དམག་འཁྲུག་གི་གྱོང་གུན་སྐྱིན་ཚབ་འཇལ་དགོས་པ་བཏོན་པ་མ་ཟད། ཨ་རི་ཕྱོགས་ཀྱི་གྲོས་མོལ་འཐུས་ཚབ་ཀྱིས་བླང་བྱ་འདི་དེང་ཕྱིན་གྲོས་མོལ་ཡོད་ཚད་ཀྱི་གྲོས་རིམ་ཁྲོད་འཇོག་རྒྱུའི་མཛུབ་སྟོན་གནང་ཡོད།

ཐི་ལང་ཕུའུ་ཡིས་བསྟན་དོན། དབྱི་ལང་གི་གྲོས་མོལ་འཐུས་ཚབ་ཀྱིས་འདས་པའི་ཟླ5ཡི་རིང་གི་དམག་དོན་འགལ་ཟླ་བྱུང་སྐབས་ཀྱི་གྱོང་གུན་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན། ཡིན་ཡང་གྲོས་དོན་འདི་དེ་སྔའི་གྲོས་མོལ་གང་རུང་དང་ཡང་ན་གྲོས་ཚོགས་ཁྲོད་བཏོན་མ་མྱོང་། ཁོས་ད་ལྟ་དབྱི་ལང་གིས་ལམ་འགྲམ་གྱི་འགད་གཏོར་དང་དེ་བཞིན་འགལ་ཟླ་མང་པོའི་ཁྲོད་ཤི་རྨས་བཟོས་པར་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན། དེའི་ནང་དུ་ཁོ་འར་རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་། དེ་བཞིན་འཐབ་འཛིང་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣ་སྟོང་ཕྲག་ལ་སྐྱིན་ཚབ་འཇལ་བ་འདུས།

དབྱི་ལང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས8ཉིན་གསར་འགོད་ལྟར་ན། དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཙའོ་ལི་ཅ་ཏི་འར་གྱིས་བསྟན་དོན། གལ་ཏེ་ཨ་རིས་དེའི་བྱ་སྤྱོད་མ་བསྒྱུར་ན། ཧོ་འར་མོ་ཙི་མཚོ་འགག་སྒོ་རྒྱག་པའི་རྣམ་པ་སྲུང་འཛིན་བྱ་རྒྱུ་ཡིན་ལ། ཧོ་འར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་ཕྱེས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རིས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་བྱེད་པ་དུས་གཏན་དུ་མཚམས་འཇོག་པ་སོགས་ཆ་རྐྱེན5སྐོང་དགོས། དེའི་ཁྲོད་དབྱི་ལང་གི་བཀག་སྡོམ་བྱས་པའི་རྒྱུ་ནོར་ཕྱིར་སྟེར་བ་དང་། འབྲེལ་ཡོད་དམག་དོན་འགུལ་སྐྱོད་ཀྱིས་དབྱི་ལང་ལ་གྱོང་གུན་བཟོས་པར་སྐྱིན་ཚབ་འཇལ་བ་འདུས་ཡོད།

2000ལོའི་ཟླ10པའི་ཚེས12ཉིན། འགད་རྫས་བཅུག་པའི་གྲུ་གཟིངས་ཆུང་ཆུང་ཞིག་གིས་ཡེ་མོན་ཡ་ཏིན་གྲུ་ཁར་འབར་རྫས་ཁ་གསབ་བྱེད་པའི་ཁོ་འར་རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ཤིག་ལ་རང་གསོད་ཅན་གྱི་འགད་གཏོར་འཇབ་རྒོལ་བྱས་ཏེ་གཏོར་བརླག་ཚབས་ཆེན་བཟོས་ནས། ཨ་རིའི་དམག་མི17རྐྱེན་ལམ་དུ་ཤོར། 2019ལོའི་ཟླ་དང་པོར། ཨ་རི་ཕྱོགས་ཀྱིས་ཁོ་འར་རྟགས་ཅན་གྱི་འདེད་སྤྲོད་གྲུ་གཟིངས་ལ་འགད་གཏོར་འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་གཏེ་བོ་གཙོ་བོ་ཅ་མའེ་ལི.པ་ཏ་ཝེ་བསད་པ་བསྒྲགས།