ཕ་ཁི་སི་ཐན་ནང་སྲིད་པུའུ་ཀྲང་གིས་དབྱི་ལང་ལ་འཚམས་འདྲི་བྱས། ཨ་རི་དང་དབྱི་ལང་གི་གྲོས་མོལ་ལ་ཀུན་གྱིས་དོ་སྣང་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

   ཕ་ཁི་སི་ཐན་ནང་སྲིད་པུའུ་ཀྲང་ན་ཁེ་ཝུའེ་ཡིས་ཚེས11ཉིན་སླར་ཡང་དབྱི་ལང་ལ་འཚམས་འདྲི་བྱས་ནས་དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞིས་ཆི་དབྱང་དང་དབྱི་ལང་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་སོགས་དང་ཐུག་འཕྲད་བྱས། ཉིན་དེར། ཕ་ཁི་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཨ་ཞིས་ཧྥུ་ཡིས་ཨ་རིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རི་དང་དབྱི་ལང་བར་གྲོས་མཐུན་ཞིག་འཇོག་ལ་ཉེ། ཡུན་རིང་གི་ཞི་བདེ་ནི་ས་ཁུལ་གྱི་ཁེ་ཕན་དང་མཐུན། དབྱི་ལང་དང་ཨ་རི་གཞུང་ཕྱོགས་ཀྱིས་དེའི་ཐད་ལན་མ་བཏབ།

   ཕ་ཁི་སི་ཐན་སྲིད་གཞུང་གིས་ཉིན་ཤས་སྔོན་བསྐྱར་བསྒྲགས་བྱས་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་གྲོས་གླེང་དང་ཞི་བའི་ངང་ས་ཁུལ་གྱི་རྩོད་གཞི་ཐག་གཅོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེར་མུ་མཐུད་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱ་རྒྱུ་ཡིན།