
ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ་ཡིས་ཚེས11ཉིན་བསྒྲགས་དོན། དྲག་ཆས་པ་དེས་འཕུར་མདའ་དང་མི་མེད་གནམ་གྲུ་སྤྱད་ནས་ཡེ་མེན་ཐ་དབྱི་ཙི་ཞིང་ཆེན་མོ་ཁ་ས་ཁུལ་ལ་ཡང་བསྐྱར་རྡུང་རྡེག་བཏང་། དེ་མིན་མ་ལི་པུའུ་ཞིང་ཆེན་ཐ་ཏ་ཝུན་དམག་སྒར་གྱི་སོ་ཏི་ཨ་རབ་ལ་ཁ་འཁོར་བའི་དྲག་དཔུང་འཛོམས་ས་དང་། གོ་མཚོན་མཛོད། བཀོད་འདོམས་པུའུ་བཅས། མི་བཅུ་ཕྲག་དུ་མ་རྐྱེན་ལམ་དུ་ཤོར་བའི་ནང་སོ་ཏི་ཨ་རབ་ཀྱི་མི་སྣ་ཚུད་ཡོད། ཧུའུ་སའེ་དྲག་ཆས་པས་ཉིན་དེར་མན་ཏེ་མཚོ་འགག་ཏུ་གནས་པའི་སོ་ཏི་ཨ་རབ་ཀྱི་དམག་དོན་སྒྲིག་ཆས་སྐྱེལ་འདྲེན་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱསད། ཡེ་མོན་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་འཇབ་རྒོལ་ཕོག་ཡུལ་ནི་ཚོང་གྲུ་ཞིག་ཡིན་པ་དང་འཇབ་རྒོལ་བྱས་པ་ལས་མི6རྐྱེན་ལམ་དུ་ཤོར་བ་དང་མི10ལ་རྨས་སྐྱོན་ཕོག་ཡོད།
སོ་ཏི་ཨ་རབ་གཞུང་ཕྱོགས་ཀྱིས་གོང་སྨྲས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་གནས་སྐབས་ལན་མ་བྱིན།