ཁོ་ལོམ་པི་ཡའི་ས་ཡོམ་དྲག་པོའི་གནོད་འཚེའི་གནས་ཚུལ་ཚབས་ཆེན་ཡིན་པ་དང་འཚོལ་སྐྱོབ་བྱ་བ་བྲེལ་མྱུར་སྒོས་སྤེལ། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཁོ་ལོམ་པི་ཡའི་རྒྱལ་ཡོངས་ལྟེ་བའི་གྲོང་ཁྱེར་མཐུན་ཚོགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཁོ་ལོམ་པི་ཡའི་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ7.5བྱུང་བའི་ཁྲོད་མི188རྐྱེན་ལམ་དུ་ཤོར་བ་དང་མི1677ལ་རྨས་སྐྱོན་ཕོག་ནས། འཚོལ་སྐྱོབ་འགུལ་སྐྱོད་མགྱོགས་མྱུར་ངང་སྤེལ།

ཁོ་ལོམ་པི་ཡའི་ས་གཤིས་ཅུས་ཀྱིས་བསྟན་དོན། འདི་ནི་རྒྱལ་ཁབ་དེའི་དུས་རབས་འདིའི་ཚུན་དུ་བྱུང་བའི་ས་ཡོམ་ཆེ་ཤོས་ཡིན་པ་དང་། ས་ཡོམ་བྱུང་རྗེས་ཡོམ་འཕྲོ་ཐེངས་བརྒྱ་ལྷག་བྱུང་། ལས་ཁུངས་དེའི་ཆེད་མཁས་པས་ད་རུང་ཐེངས་འདིའི་ས་ཡོམ་དྲག་པོ་དེ་ཟླ6པའི་ཝེ་ནེ་ཙུའེ་ལའི་ས་ཡོམ་དྲག་པོ་དང་འབྲེལ་བ་མེད་པར་བཤད། བསྡོམས་རྩིས་བྱས་པ་ལྟར་ན། ས་ཡོམ་དྲག་པོ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་གཙོ་བོ་ཁོ་ལོམ་པི་ཡའི་འཚིག་ཇའི་ཐོན་ཁུལ་གྱི་དབུས་སུ་གནས་པའི་ཕེ་ལུའེ་ལ་དང་། དེ་མིན་ཁོ་ལོམ་པི་ཡའི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཁ་ལི་རུ་གཅིག་སྡུད་བྱས་ཡོད། ས་གནས་ཀྱིས་མགྱོགས་མྱུར་སྒོས་འཚོལ་སྐྱོབ་འགུལ་སྐྱོད་སྤེལ་བཞིན་ཡོད། ས་ཡོམ་ཆེན་པོས་ས་ཆ་མང་པོའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བཤིག་བཏང་བ་དང་འགྲིམ་འགྲུལ་དང་། ཆུ་མཁོ་འདོན། འཕྲིན་གཏོང་སོགས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། ཡོམ་ལྟེའི་ཆའོ་ཁོ་ས་ཁུལ་གྱི་དེ་སྔའི་སྡོད་དམངས་སྡེ་ཁུལ་མང་པོ་ཞིག་ལ་གློག་ཆད་པའམ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཚམས་ཆད་པའི་གནས་སུ་ལྷུང་ནས་འཚོལ་སྐྱོབ་ལ་དཀའ་ངལ་བཟོས། ཚེས11ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ཡིས་མགྲིན་ཚབ་པ་གཞོན་པ་ཧ་ཁེ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཁོ་ལོམ་པི་ཡའི་སྲིད་གཞུང་བར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཚུལ་བསྟན། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཁོ་ལོམ་པི་ཡས་བཏོན་པའི་རེ་བ་ལྟར་རོགས་སྐྱོར་བྱེད་འགོ་ཚུགས།