ཨ་རིའི་ཏེི་ཀྲིག་གི་དམག་དོན་གནམ་གྲུ་ཞིག་སར་ལྷུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། “ཨ་ཕ་ཆི”དམག་བཀོལ་ཐད་འཕུར་གནམ་གྲུ་ཞིག་ཉིན་དེར་ཨ་རིའི་ཏི་ཁི་ས་སིའི་མངའ་སྡེ་ཧུའུ་ཏེ་པའོ་དམག་དོན་རྟེན་གཞིའི་ཉེ་འགྲམ་དུ་སར་ལྷུང་ནས་གནམ་གྲུའི་ནང་གི་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ཏི་ཀྲིག་པེའར་རྫོང་བདེ་སྲུང་དཔོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཁེ་ལི་ཧྥུ·ཁིའར་མན་གྱིས་བསྟན་དོན། ཨ་རིའི་སྐམ་དམགAH_64“ཨ་ཕ་ཆི”ཐད་འཕུར་གནམ་གྲུ་དེ་ཧུའུ་ཏེ་པའོ་དམག་དོན་རྟེན་གཞིའི་ཁོངས་སུ་གཏོགས་པ་དང་། ཉིན་དེའི་ཆུ་ཚོད13དང་སྐར་མ35ཡས་མས་སུ། ཏི་ཀྲིག་སཱ་ལ་ཏུའོ་ཡི་ཞིང་ས་ཞིག་ཏུ་ལྷུངས་ནས་མེ་སྐྱོན་ཆེན་པོ་ཤོར་ཏེ་སྡོད་དམངས་ཁག་ཅིག་འུ་ཐུག་ནས་ཁ་འགྲེམས་དགོས་བྱུང་། གྱེན་འཕུར་གནམ་གྲུ་སར་ལྷུང་བའི་སྐབས་སུ་འཛུགས་སྐྲུན་དངོས་པོ་གང་རུང་ལ་གདོང་ཐུག་མ་རྒྱབ་ཟེར།

ཧུའུ་ཏི་པའོ་རྟེན་གཞིའི་དཔོན་རིགས་ཀྱིས་གོང་གསལ་གྱི་གནས་ཚུལ་ར་སྤྲོད་བྱས།

ཡུལ་དངོས་ཀྱི་པར་རིས་ཐོག་ནས་ཐད་འཕུར་གནམ་གྲུའི་ཆག་རོ་འཚིག་ནག་དུ་གྱུར་བའི་ཞིང་ནང་དུ་ཐོར་བ་དང་། མེ་ཟོན་མི་སྣས་མེ་གསོད་བཞིན་པའི་སྒང་རེད།

མིག་སྔར་གནམ་གྲུ་ལྷུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།