
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས12ཉིན་བསྟན་དོན། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཁཱ་ལུའོ་ལིན་ལེ་ཝེ་ཐི་ཟླ་འདིའི་ཟླ་མཇུག་ཏུ་ལས་གནས་དང་ཁ་འབྲལ་རྒྱུ་རེད།
ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ལེ་ཝེ་ཐི་ཡིས་ལས་ཁུར་དགོངས་ཞུ་བྱས་པའི་རྒྱུ་རྐྱེན་ནི་དུས་ཚོད་མང་པོར་བྱིས་པ་དང་ཁྱིམ་མིར་འདུག་རོགས་བྱེད་འདོད་པ་དེ་རེད་ཟེར། ཐི་ལང་ཕུའུ་ཡིས་ད་རུང་ལེ་ཝེ་ཐི་ནི་ཁོས་ཆེས་ཡིད་ཆེས་བྱེད་སའི་ལག་རོགས་གྲས་ཀྱི་གཅིག་ཡིན་ཞེས་བཤད་པར་མ་ཟད། ཁོ་མོ་ཕྱི་ཕྱོགས་ཀྱི་བློ་འདྲི་བྱེད་ས་གཙོ་བོར་འགྱུར་ངེས་པ་དང་། སྤྱི་མཐུན་ཏང་ནང་དུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ནས་ཏང་དེས་དུས་སྐབས་བར་མའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ལེན་པར་རོགས་འདེགས་བྱེད་རྒྱུ་རེད་ཅེས་བསྟན།
ལེ་ཝེ་ཐི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་ཁོ་མོས་བྱིས་པ་གཉིས་ལ་བདག་སྐྱོང་བྱེད་པའི་ཆེད་དུ་ལས་ཁུར་དགོངས་ཞུ་བྱས་པ་དང་། ཐི་ལང་ཕུའུ་ཡིས་ཁོ་མོས་མུ་མཐུད་དུ་ཕྱི་ཕྱོགས་ཀྱི་མཐོ་རིམ་བློ་འདྲི་པའི་འགན་འཁུར་རྒྱུར་གདན་ཞུ་བྱས་པ་བདེན་དཔང་བྱས།
ལེ་ཝེ་ཐི་ཡིས་ཐི་ལིང་ཕུའུ་ཡིས་ཐོག་དང་པོར་ཨ་རིའི་སྲིད་འཛིན་གྱི་འགན་བཞེས་སྐབས་ཕོ་བྲང་དཀའ་པོའི་ལག་རོགས་གསར་འགྱུར་དྲུང་ཡིག་གི་འགན་ཁུར་བ་དང་། 2024ལོའི་ཐི་ལང་ཕུའུ་ཡི་བདམ་ཐོན་འགྲན་སྡུར་སྐབས་སུ་མགྲིན་ཚབ་པའི་འགན་ཁུར་བ་རེད། 2025ལོར་ཐི་ལང་ཕུའུ་ཡང་བསྐྱར་ཕོ་བྲང་དཀར་པོར་གཞིས་སྡོད་བྱས་རྗེས། ལོ27ཡིན་པའི་ལེ་ཝེ་ཐི་ཡིས་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་གི་འགན་ཁུར་འགོ་བརྩམས་ནས་ཨ་རིའི་ལོ་རྒྱུས་སྟེང་གི་ལོ་ན་ཆེས་གཞོན་པའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཏུ་གྱུར་བ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།