ཅ་ན་རྒྱལ་སའི་རླངས་འཁོར་མང་པོ་གདོང་ཐུག་བརྒྱབ་ནས་མ་མཐའ་ཡང་མི11རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཅ་ན་རྒྱལ་ཁབ་མེ་ཟོན་ཅུས་ཀྱིས་ཚེས13ཉིན་བཤད་རྒྱུར། ཅ་ནའི་རྒྱལ་ས་ཨ་ཁེ་ལ་གྲོང་ཁྱེར་གྱི་མཐའ་ཁུལ་དུ་ཉིན་དེར་རླངས་འཁོར་མང་པོ་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་མི13ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཅ་ན་རྒྱལ་ཁབ་མེ་ཟོན་ཅུས་ཀྱི་དཔོན་རིགས་དབྱི་མན་ཉིའུ་ཨར·པང་ཉི་ཡིས་བཤད་རྒྱུར། ས་དེའི་དུས་ཚོད་ཚེས13ཉིན་གྱི་ཐོ་རེངས་སུ། ཨ་ཁེ་ལ་གྲོང་ཁྱེར་མཐའ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་མང་པོ་གདོང་ཐུག་བརྒྱབ་པ་དང་། རང་འདེགས་ལྗིད་ཐེག་རླངས་འཁོར་གཉིས་དང་། སྤྱི་སྤྱོད་རླངས་འཁོར་ཆུང་གྲས་གཉིས། རླངས་འཁོར་ཆུང་གྲས་གཉིས། རྐང་གསུམ་འཁོར་ལོ་གཅིག་བཅས་ལ་འབྲེལ་བ་ཡོད།

པང་ཉི་ཡིས་བཤད་རྒྱུར། རོགས་སྐྱོབ་མི་སྣ་མགྱོགས་མྱུར་ཡུལ་དངོས་སུ་འབྱོར་བ་དང་། འགྲུལ་པ་མང་པོ་ཞིག་གཟུགས་འགྱུར་ཚབས་ཆེན་བྱུང་བའི་རླངས་འཁོར་ནང་ལུས་པ་ཤེས་རྟོགས་བྱུང་ལ། དེའི་ཁྲོད་མི11རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་དང་། གཞན་རྨས་མ13སྨན་ཁང་དུ་བསྐྱལ། དོན་རྐྱེན་གྱི་རྒྱུ་རྐྱེན་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད།

ས་གནས་དེ་གའི་སྨྱན་སྦྱོར་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སྒྲིག་འགལ་ངང་རླངས་འཁོར་སྐོར་བ་དང་ལམ་གྱི་གནས་ཚུལ་ཡག་པོ་མེད་པ་སོགས་ཀྱི་རྐྱེན་གྱིས་ཅ་ན་རུ་འགྲིམ་འགྲུལ་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།