ཆར་རླུང་དྲག་པོས་ཨ་རིའི་དབུས་ནུབ་རྒྱུད་ཀྱི་མི་ཁྲི་སྟོང་མང་པོ་ཆུ་ལོག་གི་ཉེན་ཁར་འཕྲད་དུ་བཅུག
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཨ་རིའི་དབུས་རྒྱུད་དང་ནུབ་རྒྱུད་ལ་ཉེ་ཆར་རླུང་འཚུབ་ཀྱི་འཇབ་རྒོལ་ཐེབས་ཏེ། དབྱི་ལི་ནུའོ་དབྱི་མངའ་སྡེ་དང་། དབྱིན་ཏི་ཨན་ན་མངའ་སྡེ། ཨུ་ཧེ་ཨུ་མངའ་སྡེ་སོགས་སུ་རླུང་འཚུབ་དང་དྲག་ཆར་སོགས་ཀྱི་གནམ་གཤིས་ངན་པ་བྱུང་ནས། ས་ཁུལ་ཁ་ཤས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས།  ཨ་རིའི་གློག་ཤུགས་རྗེས་འདེད་དྲ་ཚིགས་ཀྱི་གཞི་གྲངས་ལྟར་ན།  ཚེས13ཉིན་གྱི་དགོང་མོའི་བར། མངའ་སྡེ་དེ་གསུམ་ལ་སྔར་བཞིན་གློག་ཆད་པའི་ཁྱིམ་ཚང་སུམ་འབུམ་ལྷག་ཡོད་པ་རེད།   ཉིན་དེར་ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུས་ཀྱིས་བསྟན་དོན། དབུས་ནུབ་རྒྱུད་ཀྱི་མི་བྱེ་བ་གསུམ་ས་ཡ་དྲུག་ལྷག་སྔར་བཞིན་ཆུ་ལོག་གི་ཉེན་བརྡའི་འོག་ཏུ་གནས་ཡོད།