འཇར་པན་མང་ཚོགས་ཀྱིས་འདུ་འཛོམས་བྱས་ནས་འཇར་པན་སྲིད་གཞུང་གིས་བཙན་འཛུལ་དམག་འཁྲུག་གི་ཉེས་སྤྱོད་ལ་རང་སྐྱོན་རང་བརྟག་བྱེད་པར་སྐུལ་མ་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས15ཉིན་ནི་འཇར་པན་གྱིས་ཆ་རྐྱེན་མེད་པར་མགོ་བཏགས་ནས་ལོ81འཁོར་བའི་ཉིན་མོ་རེད། འཇར་པན་མང་ཚོགས་ཀྱིས་ཏུང་ཅིན་དུ་རང་འགུལ་ངང་འདུ་འཛོམས་ཁྲོམ་སྐོར་བྱས་ཏེ། འཇར་པན་སྲིད་གཞུང་གིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། དམག་འཁྲུག་གི་ཉེས་སྤྱོད་ལ་རང་སྐྱོན་རང་བརྟག་བྱེད་དགོས་པའི་སྐུལ་མ་བཏང་།

འཇར་པན་གྱི་འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། འཇར་པན་གྱིས་ཀྲུང་གོ་རུ་བསགས་པའི་གདུག་རྩུབ་ཀྱི་ཉེས་སྤྱོད་དེ་དག་ལ་རང་སྐྱོན་རང་བརྟག་བྱེད་འོས། ད་ལྟའི་འཇར་པན་པ་ཁ་ཤས་ཀྱིས་རང་སྐྱོན་རང་བརྟག་མི་བྱེད་ལ།  ཐ་ན་ལོ་རྒྱུས་ཡང་མི་ཤེས་པས། ཚད་ལས་བརྒལ་བ་ཞིག་རེད་ཟེར། 

འཇར་པན་གྱི་འདུ་ཚོགས་ལ་ཞུགས་མཁན་གཞན་ཞིག་གིས་བཤད་རྒྱུར།དེ་རིང་ནི་ཟླ8པའི་ཚེས15ཡིན།འཇར་པན་གྱིས་སྔོན་ཆད་ཡ་གླིང་གི་རྒྱལ་ཁབ་མང་པོར་བཙན་འཛུལ་བྱས་ནས། གདུག་རྩུབ་ཧ་ཅང་ཆེ་བའི་བྱ་བ་བསྒྲུབས་ཡོད།འཇར་པན་གྱིས་ངེས་པར་དུ་དེའི་ཐད་རང་སྐྱོན་རང་བརྟག་བྱེད་དགོས་ལ། ལོ་རྒྱུས་བསྐྱར་ཟློས་གཏན་ནས་བྱེད་མི་རུང་། འཇར་པན་སྲིད་གཞུང་གི་ཁོངས་མི་གཙོ་བོས་སྔར་བཞིན་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུ་བཞིན་ཡོད། དེས་ཁོ་ཚོས་དམག་འཁྲུག་དེ་ལ་རང་སྐྱོན་རང་བརྟག་གཏན་ནས་བྱས་མེད་པ་མཚོན། ངས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ཟེར།

ཡང་འཇར་པན་གྱི་འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། ངས་བསམ་ན་འདུ་འཛོམས་ལ་ཞུགས་མཁན་གྱི་མི་གཞན་དག་ལ་ཡང་མྱོང་ཚོར་གཅིག་པ་ཡོད་སྲིད། ད་ལྟ་འཇར་པན་སླར་ཡང་དམག་རྒྱལ་རིང་ལུགས་ཀྱི་ལམ་རྙིང་ལ་བསྐྱར་ལོག་བྱེད་པའི་ཉེན་ཁའི་གནས་སུ་གྱར་ཡོད། ངས་དེ་བཟོད་ཐབས་བྲལ་ཟེར།

འཇར་པན་གྱི་འདུ་ཚོགས་ལ་ཞུགས་མཁན་གཞན་ཞིག་གིས་བཤད་རྒྱུར། བཙན་འཛུལ་དམག་འཁྲུག་གིས་ཡ་གླིང་མི་དམངས་ལ་གནོད་འཚེ་ཆེན་པོ་བཟོས། དེ་དག་ཚང་མ་འབྲེལ་ཡོད་དཔེ་དེབ་སྟེང་ཟིན་ཐོར་བཀོད་ཡོད། ཡིན་ནའང་ད་ལྟ་ལོ་རྒྱུས་ཡོངས་སུ་ཟུར་དུ་བསྐྱུར་ཡོད་པས། ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་སྤྱོད་ལ་གཏན་ནས་བཟོད་སྒོམ་བྱེད་ཐབས་བྲལ་ཟེར།