འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་འཇར་པན་སྲིད་གཞུང་གིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་པ་དེས་འཇམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་འཁྲུག་ཆེན་རྗེས་ཀྱི་འཛམ་གླིང་གི་སྒྲིག་ལམ་ལ་འགྲན་སློང་ཚབས་ཆེན་བྱས་ཡོད་ཅེས་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཚེས15ཉིན་འཇར་ཕན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་གྲོན་དངུལ་བྱིན་པ་དང་། ནང་བློན་ཁང་ཁོངས་མི་དང་རྒྱལ་ཚོགས་ཀྱི་གྲོས་མི་ཁ་ཤས་ཀྱིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ འཇར་པན་གྱི་འབྲེལ་ཡོད་བྱ་སྤྱོད་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་འཁྲུག་ཆེན་རྗེས་ཀྱི་འཛམ་གླིང་གི་སྒྲིག་ལམ་ལ་འགྲན་སློང་ཚབས་ཆེན་བྱས་ཡོད། ཀྲུང་གོ་ཕྱོགས་དེར་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་ལ། རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད།  འཇར་པན་ཕྱོགས་ལ་འབྲེལ་གཏུག་ནན་མོ་དང་ངོ་རྒོལ་དྲག་པོ་བྱས་ཡོད་ཅེས་བསྟན།

མགྲིན་ཚབ་པས་རྒྱལ་བདེ་ལྷ་ཁང་ནི་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་དམག་འཁྲུག་སློང་བའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་ཡིན། འཇར་པན་ཕྱོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་དེ་མངོན་སུམ་འཛེམ་མེད་ངང་ལོ་རྒྱུས་ཀྱི་དྲང་གཞག་དང་མིའི་རིགས་ཀྱི་གཤིས་བཟང་གི་འགལ་ཟླའི་ཕྱོགས་སུ་ལངས་ཡོད་པ་དང་།  འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་འཁྲུག་ཆེན་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་ཚབས་ཆེན་བྱས་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།