
ཚ་བ་དང་ཐན་པའི་ཤུགས་རྐྱེན་འོག ཉེ་ཆར། སི་ཕེན་ནུབ་རྒྱུད་དུ་ནགས་མེ་མུ་མཐུད་དུ་མཆེད་ཅིང་། ཚེས20ཉིན་བར། ནགས་མེ་མཆེད་དེ་ས་གནས་ཀྱི་མི་བརྒྱ་ཕྲག་ཁ་ཤས་ཕྱིར་འཐེན་བྱས། སེར་ཝེ་ཡའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། སེར་ཝེ་ཡའི་རྒྱལ་ས་པེ་འར་ཀི་ལའེ་ཏི་ཡི་ཤར་རྒྱུད་ཀྱི་སྤྱི་ལེ60ཙམ་གྱི་སར་ཉིན་ཤས་སྔོན་ལ་ནགས་ཚལ་དུ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་ཚབས་ཆེན་ཕོག་སྟབས། སེར་ཝེ་ཡས་རྒྱལ་ཁབ་གཞན་དག་ལ་རོགས་སྐྱོར་བྱེད་རྒྱུའི་རེ་ཞུ་ཞུས།