
དབྱིན་ཇི་དང་ཧྥ་རན་སེ། འཇར་མན། དབྱི་ཐ་ལི། ཧོ་ལན། ནོར་ཝེ། ཁ་ན་ཏ་བཅས་ཀྱིས་ཚེས20ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས“E1ཁུལ”གྱི་གཏན་སྡོད་གནས་འཛུགས་སྐྲུན་བྱེད་པའི་འཆར་གཞིར་རྒོལ་གཏམ་བཏང་། གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གི་སྒྲུབ་སྟངས་འདིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”མདུན་ལྗོངས་ལ་གཏོར་བརླག་བཟོས་ཡོད་ཟེར།
“E1ཁུལ”ནི་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་གནས་པ་དང་། དབྱི་སི་རལ་སྲིད་གཞུང་གིས་ཉེ་ཆར་ལས་གཞི་དེའི་སྡོད་ཁང་1234ཡི་འོས་བསྡུའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་སི་མོ་ཐི་ལེ་ཧི་ཡིས་བསྟན་དོན། ལས་གཞི་དེའི་དམིགས་ཡུལ་ནི“ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་བསམ་བཀོད་འདོར་བའི”ཆེད་དུ་ཡིན་ཟེར།