ཨུ་རུ་སིའི་དམག་དཔུང་གིས་མཚོ་ནག་ནས་ཝུའུ་ཁི་ལན་གྱི་དངོས་སྐྱེལ་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ9བའི་ཚེས1ཉིན་དྲ་ཐོག་ཏུ་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་མཚོ་ནག་འགྲམ་བརྒྱུད་དུ་ཡོད་པའི་ཝུའུ་ཁི་ལན་གྱི་ཨོ་ཏི་སཱ་མངའ་སྡེའི་ཡུག་རི་ནེ་གྲུ་ཁར་འཇབ་རྒོལ་བྱས་ཏེ། ཝུའུ་ཁི་ལན་གྱི་སྒྲིག་ཆས་དྲུད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་ལ་གཏོར་བཤིག་བཏང་། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ད་རུང་མཚོ་ནག་མཚོ་ཁོངས་སུ་ཝུའུ་ཁི་ལན་གྱི་དམག་མིར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཝུའུ་ཁི་ལན་གྱི་དངོས་སྐྱེལ་སྒྲིག་ཆས་དང་ཝུའུ་ཁི་ལན་གྱི་དམག་དཔུང་ལ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་ཆམ་ཕབ་བཏང་ཡོད་ཟེར། དངོས་སྐྱེལ་གྲུ་གཟིངས་ལས་གཞན། ཨོ་ཏི་སཱ་མངའ་སྡེའི་དམག་བཀོལ་དངོས་རྫས་ཉར་འཇོག་དང་བགོ་བཤའ་བྱེད་སའི་དངོས་སྐྱེལ་ལྟེ་གནས་ཤིག་ལའང་ཨུ་རུ་སིའི་ཆམ་ཕབ་ཐེབས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།