ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་ཀྱིས2026ལོའི་མཐའ་སྲུང་མཉམ་ལས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

གསར་འགོད་པའི་ཟླ9བའི་ཚེས1ཉིན་ཀྲུང་གོའི་རྒྱལ་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་ཀྱི་མཐའ་སྲུང་དམག་དཔུང་གིས་ཟླ9བའི་ཟླ་སྟོད་དུ2026ལོའི་མཐའ་སྲུང་མཉམ་ལས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཞིང་། མཐའ་མཚམས་ས་ཁུལ་གྱི་མྱུལ་ཞིབ་གཏོར་བརླག་བྱ་འགུལ་ལ་དོགས་ཟོན་དང་ཆམ་ཕབ་གཏོང་བ་གཙོ་བོར་བཟུང་སྟེ། མཉམ་འབྲེལ་འཆར་འགོད་དང་མཉམ་འབྲེལ་སྔོག་བཤེར། མཉམ་འབྲེལ་དུ་ཆམ་ཕབ་བཏང་སྟེ་འཛིན་བཟུང་བྱེད་པ། མཉམ་འབྲེལ་བརྒྱུད་སྤྲོད་སོགས་ཀྱི་སྦྱོང་བརྡར་སྤེལ་རྒྱུ་རེད།

དེ་ནི་ཕྱོགས་གསུམ་གྱི་མཐའ་སྲུང་དམག་དཔུང་གིས་ཐེངས་གཉིས་པར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་མཐའ་སྲུང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཉམ་དུ་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།