
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས2ཉིན་བསྟན་དོན། དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་མདུན་ལྗོངས་ལ་གཏོར་བརླག་བྱས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དངོས་གཞི་མིན་པའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁཱ་ལཱ་སི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ནི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་སའི་གཏིང་རིམ་ལ་ཟུག་པའི་འཛེར་མ་ཆེན་པོ་ཞིག་དང་འདྲ་བར། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་མདུན་ལྗོངས་ལ་གཏོར་བརླག་ཐེབས་བཞིན་ཡོད་ཟེར། ཁོ་མོས་ད་རུང་བསྟན་དོན། གཏན་སྡོད་མཁན་གྱི་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་དྲག་ཤུགས་དོན་རྐྱེན་སྔར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དུས་སྐབས་མང་བོར་དྲག་ཤུགས་དོན་རྐྱེན་དེ་རིགས་ལ་རྩད་གཅོད་ཀྱང་བྱེད་ཀྱིན་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།