ཡོ་སྒོར་སྤྱོད་ཁུལ་དུ་ཟླ8པར་དངུལ་ལོར་འགྲེམས་ཐལ་ཤོར་ཚད3.3%བར་མཐོ་རུ་ཕྱིན།
ཁུངས། ཀློག་གྲངས།

ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཚེས1ཉིན་ཁྱབ་བསྒྲགས་བྱས་པའི་ཐོག་མའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ8པར་ཡོ་སྒོར་སྤྱོད་ཁུལ་གྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ལོ་ལྟར་བརྩིས་ན3.3%ཡིན་པ་དེ་ཟླ7པའི2.9%ལས་མངོན་གསལ་གྱིས་འཕར་ཡོད་པས། ཉེ་བའི་ལོ་གསུམ་རིང་གི་ཆེས་མཐོ་བའི་ཆུ་ཚད་ཡིན། དེའི་ཁྲོད་ཟླ8པར་ཡོ་སྒོར་སྤྱོད་ཁུལ་གྱི་ནུས་ཁུངས་རིན་གོང་ན་ནིང་གི་དུས་མཉམ་ལས་14.3%འཕར་བ་དང་། འཕར་ཚད་ཟླ7པའི10.3%ལས་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དེ་ནི་སྤྱི་ཡོངས་ཀྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་རུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་རེད། ཡོ་སྒོར་སྤྱོད་ཁུལ་གྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་དེ་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་གཏན་འབེབས་བྱས་པའི2%ཀྱི་དམིགས་འབེན་ལས་མཐོ་བས། ཁྲོམ་རས་ཡོ་རོབ་ཀྲུང་དབྱང་དངུལ་ཁང་ལ་ཟླ་འདིའི་སྐྱེད་ཀ་འཕར་བའི་སྔོན་དཔག་བྱེད་ཐུབ་ཚད་ཆེ་རུ་བཏང་།