འཇར་མན་གྱི་ཏ་ཀྲོང་རླངས་འཁོར་གཞི་རྒྱ་ཆེན་པོས་བསྐྱར་འཛུགས་བྱས་ཏེ་ཐོན་ནུས་ཇེ་ཉུང་དུ་གཏོང་རྒྱུ་རེད།
ཁུངས། ཀློག་གྲངས།

འཇར་མན་གྱི་ཏ་ཀྲོང་རླངས་འཁོར་སྡེ་ཚོགས་ཀྱི་ལྟ་སྐུལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས3ཉིན་སྡེ་ཚོགས་དེའི་དོ་དམ་རིམ་པས་བཏོན་པའི“མ་འོངས་འཆར་གཞི2030”ལོར་ཕྱོགས་ཡོངས་ནས་བསྐྱར་སྒྲིག་ཚུལ་སྒྱུར་ཇུས་གཞི་བཀོད་པར་ཆོག་མཆན་བཀོད། ཇུས་གཞི་དེར་གཞིགས་ན། 2035ལོར་སླེབས་སྐབས་ཏ་ཀྲོང་མངའ་འོག་གི་རླངས་འཁོར་དབྱིབས་ཀྱི་གྲངས་འབོར50%ཇེ་ཉུང་དུ་གཏོང་རྒྱུ་རེད། ཡར་སྔོན་ཏ་ཀྲོང་དོ་དམ་རིམ་པས་བཏོན་པའི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ལས་གནས་ཧ་ལམ་ཁྲི5ཇེ་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡང་གཏན་འཁེལ་བྱུང་།