
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས4ཉིན་མྱུར་དུ་དབྱི་ལང་ཀའོ་ཧྲན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་ཡང་བསྐྱར་འཇིགས་སྐུལ་བྱས། ཁོས་ཨ་རི་ཕྱོགས་ཀྱིས་ཀའོ་ཧྲན་ས་ཁུལ་གྱི་མི་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་པ་དང་། གལ་ཏེ་དགོས་ངེས་ཡོད་ན་རྡུང་རྡེག་གཏོང་རྒྱུ་ཡིན་པ་བསྟན། ཀའོ་ཧྲན་དབྱི་ལང་དབུས་རྒྱུད་ཀྱི་དབྱི་སི་ཧྥ་ཧྭན་ཞིང་ཆེན་ན་ཐན་ཙིའི་ཉིང་རྡུལ་སྒྲིག་ཆས་ཉེ་འགྲམ་དུ་ཆགས། དབྱི་ལང་ཕྱོགས་ཀྱིས་ཀའོ་ཧྲན་གྱི་སྒྲིག་ཆས་སྟོང་བ་ཡིན་པས། ཨ་རིས་ཀའོ་ཧྲན་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཕམ་ཁོ་ཐག་ཡིན་ཟེར།
གཞན་ཡང་དབྱི་ལང་སྨྱན་སྦྱོར་གྱིས་ཚེས5ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་སྣུམ་གྲུ་ཞིག་ལ་ཚེས5ཉིན་ཧྭར་ཁི་གླིང་ཕྲན་ཉེ་འགྲམ་དུ་ཨ་རི་དམག་དཔུང་གི་འཇབ་རྒོལ་ཐེབས། དབྱི་ལང་དང་ཨ་རིའི་དཔོན་ཕྱོགས་ཀྱིས་གནས་སྐབས་སུ་དེའི་ཐད་ལན་བཏབ་མེད།