
མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས4ཉིན་སྙན་ཞུ་ཕུལ་ནས་བཤད་རྒྱུར། ཟླ8པར་གོ་ལ་ཧྲིལ་བོའི་ཟས་རིགས་རིན་གོང་སྟོན་གྲངས་ཀྱི་ཆ་སྙོམས་གྲངས་ཐང133.3ཡིན་པ་དང་། ཟླ་སྔོན་དང་བསྡུར་ན1.9%འཕར་ལ། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་འཕར། སྟོན་གྲངས་དེའི་ནང་འདུ་བའི་འབྲུ་རིགས་དང་སྐྱེ་དངོས་སྣུམ། འོ་བཟོས་ཐོན་རྫས། ཤ་རིགས། ཀ་ར་བཅས་ཟས་རིགས་སྣ་ལྔའི་རིན་གོང་སྟོན་གྲངས་ཟླ་སྔོན་མ་དང་བསྡུར་ན་ཆ་སྙོམས་ཀྱིས་འཕར་ཡོད་པ་དང་། དེའི་ཁྲོད་ཀ་རའི་འཕར་ཚད་ཆེ་ཤོས་རེད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གནམ་གཤིས་ཐལ་དྲག་པ་དང་ས་འབྲེལ་ཆབ་སྲིད་ཀྱི་གནས་བབ་ཞན་པ། ཉོ་ཚོང་ཟོང་འགྲུལ་ལ་གནོད་པའི་དབང་གིས་གོ་ལ་ཧྲིལ་བོའི་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་གྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པར་བཤད།